རྒྱ་ནག་ལ་ཡོ་རོབ་ནང་མཛའ་བཤེས་གྲོགས་པོ་མེད་པའི་སེམས་འཚབ།


2016.07.05
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་དབྱིན་ཇིའི་སྲིད་བློན་David Cameronརྣམ་གཉིས་དབྱིན་ཡུལ་གྱི་གནམ་ཐང་དུ། ༢༠༡༥།༡༠།༢༣ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་དབྱིན་ཇིའི་སྲིད་བློན་David Cameronརྣམ་གཉིས་དབྱིན་ཡུལ་གྱི་གནམ་ཐང་དུ། ༢༠༡༥།༡༠།༢༣
AFP

དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་ལོགས་སུ་ཐོན་གྱི་ཡོད་པ་ནི་རྒྱ་ནག་གིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནང་མཛའ་བཤེས་ཆེ་བའི་གྲོགས་པོ་མེད་པར་གྱུར་བའི་སེམས་འཚབ་ཡོད་པར་གསུངས་འདུག        
ལྷག་པར་དུ་རྒྱ་ནག་གིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནང་གུ་ཡངས་ཐོག་ནས་ཚོང་འཐབ་ཀྱི་འཐབ་བྱུས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་རེད།    ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནང་རྒྱ་ནག་གི་ཁེ་ཕན་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་དབྱིན་ཇིའི་རྒྱལ་ཁབ་ཆགས་ཀྱི་ཡོད་ཅིང་།    ད་ཆ་དབྱིན་ཡུལ་ཁ་བྲལ་འགྲོ་བཞིན་ཡོད་པས་རྒྱ་ནག་ལ་བློ་ཕམ་འབྱུང་གཞིར་འགྱུར་འདུག    
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དབྱིན་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་སྐབས་ཕྱོགས་གཉིས་དབར་གྱི་འབྲེལ་བའི་དབུ་འཕང་ཇེ་མཐོར་སོང་ཡོད་པས་གསེར་གྱི་དུས་རབས་ཤར་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་དེ་ལྟར་ཡང་། ད་ཆ་དབྱིན་ཡུལ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་ཁ་བྲལ་འགྲོ་གཏན་འཁེལ་ཡོད་པ་རེད། རྒྱ་ནག་གིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རྒྱལ་ཁབ་སྟོབས་ཆེ་བ་Germany་དང་། ཧྥ་རན་སི་France སོགས་ལ་དབྱིན་ཡུལ་ལྟར་འབྲེལ་བ་འཛུགས་རྒྱུ་ཁག་པོ་ཡིན་པ་རེད། ལྷག་པར་དུ་རྒྱ་ནག་གིས་དྲང་བདེན་མེད་པར་ཡོ་རོབ་ནང་ཚོང་འཐབ་བྱེད་བཞིན་པའི་གནད་དོན་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཞུ་གཏུགས་བྱ་འཆར་ཡོད་ཅིང་། དྭངས་ལྕགས་ལ་སོགས་པའི་དངོས་ཟོག་ཕོན་ཆེ་རྒྱ་ནག་ནང་མང་དྲག་པའི་དཀའ་ངལ་སེལ་ཐབས་སུ་ཡོ་རོབ་ནང་སྙིགས་རོ་ཕུང་གསོག་དང་ཕྱིར་བཙོང་བྱེད་བཞིན་པར་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཕལ་མོ་ཆེས་ངོ་རྒོལ་གནང་གི་ཡོད་པ་རེད། འོན་ཀྱང་དབྱིན་ཇིས་སྔོན་འགྲོའི་ཆ་རྐྱེན་མེད་པར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། གང་ལྟར་དབྱིན་ཇིའི་རྒྱལ་ཁབ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་ལོགས་སུ་ཐོན་རྗེས། ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་དང་འབྲེལ་ཐག་ཉེ་རུ་འགྲོ་རྒྱུའི་ཚབ་ཏུ་ཨ་མེ་རི་ཁ་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་ཨ་རིའི་དཔུང་རོགས་འོག་རྒྱལ་སྤྱིའི་ནང་དབང་ཤུགས་རྒྱུན་གནས་ཡོང་ཐབས་གནང་བཟོ་ཡོད་པར་ཉམས་ཞིབ་པས་འགྲེལ་བརྗོད་གནང་འདུག།
ཟླ་༦་པའི་ཚེས་༢༣་ཉིན། དབྱིན་ཇི་རྒྱལ་ཁབ་ཡོ་རོབ་མཉམ་འབྲེལ་མཐུན་ཕྱོགས་ནས་ཕྱིར་འདོན་རྒྱུའི་ཐག་གཅོད་བྱུང་བ་དང་མཉམ་སྲིད་བློན་གྱིས་དགོངས་ཞུ་གསལ་བསྒྲཊ་བྱས་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎