བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ནུས་ལྡན་ཤིག་ཚོད་ལྟ་བྱས་རྗེས་རྒྱ་ནག་གིས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་ཐད་སེམས་ཁྲལ་ཡོད་ཚུལ་བརྗོད་འདུག

2024.10.31
བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ནུས་ལྡན་ཤིག་ཚོད་ལྟ་བྱས་རྗེས་རྒྱ་ནག་གིས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་ཐད་སེམས་ཁྲལ་ཡོད་ཚུལ་བརྗོད་འདུག བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བརྙན་འཕྲིན་ནང་སྟོན་བཞིན་པ།
སྒྲིག་བཟོ། /AFP

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་འགོག་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་ཆེད་གླིང་ཕྲན་ནས་གླིང་ཕྲན་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ནུས་ལྡན་ཤིག་ཚོད་ལྟ་བྱས་རྗེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lin Jian)་གྱིས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་ལ་སེམས་ཁྲལ་ཡོད་ལུགས། རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་ཟླ་འདིའི་ཚེས་༣༡་རེས་གཟའ་ཕུར་བུའི་ཉིན་བརྗོད་འདུག
བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་དེ་ཁོང་ཚོས་ར་ཤེ་ཡར་དམག་མི་བཏང་པའི་ཉེས་འཛུགས་ཕོག་རྗེས་དེ་འདྲའི་མཚོན་ཆ་ཚོད་ལྟ་བྱས་པ་ཐེངས་དང་པོ་ཡིན་པ་རེད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lin Jian)་གྱིས། རྒྱ་ནག་གིས་ད་བར་ལྷོ་བྱང་ཀོ་རི་ཡ་གཉིས་བར་ཕན་ཚུན་གཉིས་ཀར་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པ། ཕན་ཚུན་གཉིས་ཀྱི་གནད་དོན་སེལ་བའི་ས་ཁམས་ཆབ་སྲིད་ཀྱི་ཐབས་ལམ་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་དང་མཐུན་དགོས་པ་དང་། ཕྱོགས་ཚང་མས་དམིགས་ཡུལ་འདིའི་ཕྱོགས་སུ་འབད་བརྩོན་བྱེད་པའི་རེ་བ་རྒྱག་གི་ཡོད་ཚུལ་བཤད་འདུག
རྒྱ་ནག་ནི་དུས་ཡུན་རིང་པོར་བྱང་ཀོ་རི་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཞིག་ཡིན་པ་དང་། ལྷོ་ཀོ་རི་ཡ་དང་ཚོང་འབྲེལ་གྱི་འབྲེལ་བ་ཡང་ཤུགས་ཆེ་ཡོད་པ་ཞིག་རེད་འདུག
ཉིན་ཤས་གོང་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡས་ཡུལ་དེའི་དམག་མི་༣༠༠༠་ཙམ་ཞིག་དམག་སྦྱོང་གི་ཆེད་དུ་ར་ཤེ་ཡའི་ནང་བཏང་ཡོད་པ་ནི་ཡུཀ་རེན་ལ་དམག་འཁྲུག་ཆེད་དམིགས་ཡོད་ན། དེ་ནི་ཧ་ལས་པའི་ཉེན་ཚབས་ཆེན་པོ་རེད། བྱང་ཀོ་རི་ཡས་ར་ཤེ་ཡར་ཐད་ཀར་རོགས་བྱས་ན། དེ་དང་འབྲེལ་བའི་མཇུག་འབྲས་མྱོང་དགོས་ཐུག་སྲིད་པ་རེད་ཅེས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་(Lloyd Austin)་ལགས་ཀྱིས་ཉེན་བརྡ་བཏང་འདུག།


གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎