རྒྱ་ནག་གི་རྡོ་སྣུམ་ལས་ཁང་གི་དེ་སྔའི་འགོ་ཁྲིད་བཙོན་འཇུག་བྱས་བ།


2015.10.13
རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡ རྒྱ་ནག་གི་བདེ་འཇགས་འགན་འཛིན་ཟུར་པ་ཀྲོའུ་ཡོན་ཁང་གི་པར་རྙིང་ཞིག ༢༠༡༡
པར། IC

རྒྱ་ནག་གཞུང་གཉེར་རྡོ་སྣུམ་ལས་ཁང་གི་དེ་སྔའི་འགོ་ཁྲིད་མཐོ་གྲས་ཝང་ཡོང་ཁྲུན་ལ་ལྐོག་ཟའི་ནག་ཉེས་ཕོག་ནས་བཙོན་བཅུག་ཁྲིམས་ཐག་བཅད་པ།
དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་གཉེར་རྡོ་སྣུམ་ལས་ཁང་གི་དེ་སྔའི་འགོ་ཁྲིད་མཐོ་གྲས་ཝང་ཡོང་ཁྲུན་ལ་ལྐོག་ཟའི་ནག་ཉེས་འོག་ལོ་ངོ་ཉི་ཤུའི་བཙོན་བཅུག་ཁྲིམས་ཐག་བཅད་འདུག་ཅིང་། ཝང་ནི་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་ཟུར་པ་ཚེ་བཙོན་གྱི་ནག་ཉེས་ཕོག་པ་ཀྲོའུ་ཡོན་ཁང་གི་ཉེ་འབྲེལ་ཞིག་ཡིན་པ་རེད།
རྒྱ་ནག་དབུས་ཤིང་ཡང་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་བཀའ་རྩ་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་། ཝང་ཡོང་ཁྲུན་ཐོག་ལྐོག་ཟ་དང་འབྱུང་ཁུངས་གཙང་མ་མེད་པའི་ཐོག་ནས་ལྐོང་རྔན་ལེན་པ། དེ་བཞིན་དབང་ཆ་སྒེར་སྤྱོད་བྱས་པ་སོགས་ཀྱི་ནག་ཉེས་འོག་ལོ་ཉི་ཤུའི་བཙོན་དུས་ཉེས་ཆད་བཏང་ལུགས་འཁོད་པ་མ་ཟད། ཝང་གི་ངོས་ནས་རྒྱ་མིའི་སྒོར་མོ་ས་ཡ་གཉིས་སམ་ཨ་སྒོར་གསུམ་འབུམ་ལྷག་གི་ཉེས་ཆད་འགྲུབ་དགོས་ལུགས་འཁོད་ཡོད་འདུག
ཝང་གིས་རྒྱ་ནག་གཞུང་འབྲེལ་རྡོ་སྣུམ་ལས་ཁང་གི་གཙོ་འཛིན་གཞོན་པའི་ལས་འཁུར་ལོ་གཉིས་ཙམ་བླངས་ཡོད་ཅིང་། དེའི་བར་ན་ཁོ་པས་ཁྲིམས་དང་སྒྲིག་གཞི་ཁག་ལ་འགལ་འཛོལ་ཆེན་པོ་བྱས་པའི་གྱོད་གཞིའི་འོག་ཁོ་པའི་ཐོག་ཞིབ་དཔྱོད་བྱེད་འགོ་ཚུགས་ཡོད་པ་རེད།
རྒྱ་ནག་ནང་མིང་འདྲ་མིན་བཏགས་པའི་ཤོག་ཁག་མང་པོ་ཞིག་ཡོད་པའི་ཁོངས་ནས་ཝང་ནི་རྡོ་སྣུམ་ཤོག་ཁག་ཟེར་བའི་ཁོངས་སུ་གཏོགས་ཤིང་། ཝང་ནི་གཟའ་འཁོར་འདིའི་ནང་རྡོ་སྣུམ་ཤོག་ཁག་གི་དཔོན་རིགས་ཟུར་པར་བཙོན་འཇུག་གི་ཉེས་ཆད་འགེལ་ཡུལ་གསུམ་པ་དེ་ཆགས་ཡོད་པ་རེད། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གཉེར་ཁེ་གཉེར་ལས་ཁང་ཁག་གི་སྒྲིག་ཁྲིམས་ལས་ཁང་གི་འགོ་ཁྲིད་ ཇིཡང་ཇིཡེ་མིན་དང་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ་ ལཱི་ཆུན་ཁྲེང་ལ་ལྐོག་ཟའི་ནག་ཉེས་འོག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎