རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་འཛིན་བཟུང༌།

རྒྱ་མི་རིགས་ལིའུ་ཤའོ་ཕུའུ་ལ་སྤྱི་ཚོགས་ཐོག་སྐུལ་སློང་གི་བྱ་སྤྱོད་སྤེལ་མཁན་དང་གུང་ཁྲན་ཏང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས།

2009.06.24

༄༅༎རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་སྤེལ་མཁན་རྒྱ་མི་རིགས་ལིའུ་ཤའོ་ཕུའུ་ལ་སྤྱི་ཚོགས་ཐོག་སྐུལ་སློང་གི་བྱ་སྤྱོད་སྤེལ་མཁན་དང་གུང་ཁྲན་ཏང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་ཀྱིས་དངོས་སུ་འཛིན་བཟུང་བཙོན་བཅུག་བྱས་ཡོད་པ་རེད།

ལོ་ན་༥༣ཡིན་པའི་ལིའུ་ཤའོ་ཕུའུ་ནི་རྒྱ་ནག་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་ལས་འགུལ་སྤེལ་གནང་མཁན་ཞིག་དང་ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་ཞེས་པ་ཟིན་བྲིས་དང་ས་ཡིག་སྐྱོན་མཁན་གྱི་དམངས་གཙོ་དོན་གཉེར་ཅན་ཞིག་ཡིན་ཞིང་ཁོང་གིས་དེ་སྔ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སྤེལ་བའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་པར་བརྟེན་ནས་ལོ་གཅིག་དང་ཟླ་བ་བརྒྱད་བཙོན་འཇུག་བྱས་ཡོད་པ་དང་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་རྒྱ་ནག་གཞུང་གིས་སླར་ཡང་འཛིན་བཟུང་བྱས་ཏེ་ནག་ཉེས་ཉེས་འཛུགས་གང་ཡང་མ་བྱས་པར་ད་བར་ཟླ་བ་དྲུག་ལྷག་རིང་མི་སུ་གཅིག་གིས་ཤེས་རྟོགས་མེད་པའི་ས་གནས་ནང་དོ་དམ་བཀག་ཉར་བྱས་ཟིན་པ་དང་ད་རེས་རེས་གཟའ་ཕུར་བུའི་ཉིན་ཁོང་གི་བཟའ་ཟླར་ཉེན་རྟོག་པས་ཡིག་ཐོག་ཏུ་བཀའ་ཁྱབ་ཞིག་སྤྲད་དེ་དེའི་ནང་དུ་ལིའུ་ཤའོ་ཕུའུ་ཡིས་རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་རེས་གཟའ་མིག་དམར་ནས་དངོས་སུ་འཛིན་བཟུང་བྱས་པ་ཡིན་ཞེས་དང་པེ་ཅིང་གྲོང་ཁྱེར་བཙོན་ཁང་དུ་གནས་སྤོ་བྱས་པ་ཡིན་ཞེས་བྲིས་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་རེས་ལིའུ་ཤའོ་ཕུའུ་ལ་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་དེ་ལྟ་བུ་ཉེས་འཛུགས་བྱས་པ་དེ་ནི་ཉུང་མཐར་མི་ལོ་བཅོ་ལྔ་བཙོན་འཇུག་གི་ལོ་ཚད་ཡིན་ཞིང་བཟའ་ཟླ་ཡང་ཁོང་གི་གནས་སྟངས་ཐོག་ལ་ཧ་ཅང་གི་སེམས་ཁྲལ་བྱེད་པ་དང་ད་དུང་ཁོང་བཙོན་ཁང་དུ་ལོ་ག་ཚོས་ཉེས་ཆད་མྱོང་དགོས་མིན་གྱི་བློ་འཚབ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་རྒྱུན་དུ་ནས་དམངས་གཙོའི་ལས་འགུལ་སྤེལ་མཁན་ཐོག་ཚབས་ཆེའི་རྡུང་རྡེག་གཏོང་བཞིན་པ་དང་ལྷག་པར་དུ་ད་རེས་ལིའུ་ཤའོ་ཕུའུ་དངོས་སུ་འཛིན་བཟུང་བྱས་པ་དེ་ནི་རྒྱ་ནག་གི་དམངས་གཙོའི་ཐོག་ལས་འགུལ་སྤེལ་མཁན་ཁྲོད་ནས་ཧ་ཅང་གི་ཤུགས་རྐྱེན་ཡོད་པའི་མི་སྣ་ཞིག་ཡིན་པ་བརྟེན་རྒྱལ་དོན་དུས་ཆེན་གྱི་སྔ་ནུབ་ཏུ་དམངས་གཙོ་དོན་གཉེར་ཅན་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཅིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎