ཇོར་ཇི་ཡའི་ཆ་ཤས་གཉིས་རང་བཙན་ཡིན་པའི་ཁྱབ་བསྒྲགས་སྐོར།

ར་ཤི་ཡས་ཇོར་ཇི་ཡའི་ཆ་ཤས་ཡིན་པའི་ལྷོ་ཨོ་སེ་ཀྲི་ཡ་དང་ཨབ་ཁ་ཛི་ཡ་གཉིས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་གནང་བ།

2008.08.28

༄༅༎ར་ཤི་ཡས་ཇོར་ཇི་ཡའི་ཆ་ཤས་ཡིན་པའི་ས་ཁུལ་ལྷོ་ཨོ་སེ་ཀྲི་ཡ་དང་ཨབ་ཁ་ཛི་ཡ་གཉིས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་གནང་བར་ ཨ་མི་རི་ཀ་གཙོས་པའི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་ཞུས་ཡོད་ཀྱང་ རྒྱ་ནག་གཞུང་གིས་གནད་དོན་འདི་ཐོག་ཐུགས་འཚབ་ཡོད་སྐོར་གསུང་པ་ལས་ དམིགས་བསལ་སྐྱོན་བརྗོད་གང་ཡང་ཞུས་མི་འདུག

ར་ཤི་ཡས་ཇོར་ཇི་ཡའི་ས་ཁུལ་ནང་བཙན་འཛུལ་བྱེད་སྐབས་ ནུབ་ཕྱོགས་ཡུལ་གྲུ་མང་པོས་ར་ཤི་ཡ་ལ་ཇོར་ཇི་ཡའི་ཡུལ་ནས་ཕྱིར་ཐོན་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་ཀྱང་ རྒྱ་ནག་གཞུང་གིས་དཀའ་རྙོག་དེ་བཞིན་ཞི་བའི་གྲོས་མོལ་ལམ་ནས་སེལ་ཐབས་གནང་དགོས་པའི་འབོད་བསྐུལ་ཞུས་པ་མ་གཏོགས་ དེ་མིན་ར་ཤི་ཡར་སྐྱོན་བརྗོད་དང་ཉེན་བརྡ་སོགས་གང་ཡང་བཏང་གནང་མེད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིང་ཀོང་གིས་ གནད་དོན་དེ་ནི་རྒྱལ་རབས་ལོ་རྒྱུས་དང་དོན་དངོས་ཀྱི་ཆ་ནས་རྙོགས་དྲ་ཚ་པོ་ཞིག་ཡིན་སྟབས་ ཕྱོགས་ཚང་མས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་གནང་བའི་རེ་བ་ཞུ་གི་ཡོད་ཅེས་གསུང་བཞག རྒྱ་ནག་གཞུང་གིས་གྲོང་ཁྱེར་ཧྲང་ཧད་ནང་ཡོད་པའི་ཕུ་ཏན་གཙུག་ལག་སློབ་གྲ་ཆེན་མོའི་ ར་ཤི་ཡའི་གནད་དོན་མཁས་པ་སྐུ་ཞབས་ ཀྲའོ་ཧ་ཧྲེང་གིས་ ར་ཤི་ཡ་དང་ཇོར་ཇི་ཡའི་དཀའ་རྙོག་དེ་ཐོག་རྒྱ་ནག་གིས་ནུས་པ་ཐོན་པའི་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀྱི་མ་རེད་ གང་ལགས་ཤེ་ན་ རྒྱ་ནག་གཞུང་གིས་ཡུལ་གྲུ་དེ་གཉིས་ཀྱི་མཛད་ཇུས་ཐོག་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མ་རེད་ཅེས་གསུང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎