རྒྱ་ནག་གིས་ཨ་རི་ལ་ཡིད་གཟབ་བྱེད་དགོས་ལུགས་བརྗོད་པ།

རྒྱ་ནག་གིས་ཨ་རིས་རྩོད་གཞི་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་སྐོར་བགྲོ་གླེང་བྱེད་སྐབས་ཡིད་གཟབ་བྱེད་དགོས་ལུགས་བརྗོད།

2010.10.30

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇིཡེ་ཆིས་ཨ་མི་རི་ཀའི་ངོས་ནས་རྩོད་གཞི་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་སྐོར་བགྲོ་གླེང་བྱེད་སྐབས་ཡིད་གཟབ་བྱེད་དགོས་ལུགས་བརྗོད་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་རེ་འདུན་དེ་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་ཧི་ལ་རི་ཀིལན་ཀྲན་ལ་དངོས་སུ་སྟོན་ཡོད་པ་དང་ དེ་ཡང་ལྕམ་ཧི་ལ་རི་ཀིལན་ཀྲན་གྱིས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་ཆེས་མཐོའི་ལྷན་ཚོགས་ཤིག་གི་སྐབས་མཚོ་གླིང་གི་དཀའ་རྙོག་དེ་དག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་སེལ་ཐབས་དགོས་ལུགས་གསུངས་པའི་རྗེས་སུ་བྱུང་བ་ཞིག་ཡིན་ཞིངརྒྱ་ནག་གི་ངོས་ནས་རྙོག་ཁྲ་དེ་དག་རྩོད་རྙོག་ཡོད་པའི་འབྲེལ་ཡོད་ཡུལ་གྲུ་ཁག་དང་ཐད་ཀར་འབྲེལ་བ་བྱེད་དེ་སེལ་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་ལ་བྱ་སྟངས་དེའི་ཐོག་ནས་རྒྱ་ནག་རང་ཉིད་ཀྱི་་སྟོབས་ཤུགས་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཆེ་བ་ཡོང་རྒྱུ་ཡིན་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཕྱི་སྲིད་བློན་ཆེན་ཡང་གིས་ཏའོ་ཡུའུ་མཚོ་གླིང་ཐོག་གི་རྒྱ་ནག་གི་ལངས་ཕྱོགས་གསལ་སྟོན་གནང་སྟེ་ཨ་མི་རི་ཀའི་ངོས་ནས་ཧ་ཅང་རྣོ་ངར་ཆེ་བའི་གནད་དོན་འདིའི་ཐད་ཡིད་གཟབ་ཡོང་བའི་འབོད་བསྐུལ་གནང་ཡོད་པ་རེད་ཅེས་བཀོད་འདུག་ལ་ དེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་མངའ་དབང་དང་ཡུལ་བབས་གཅིག་བསྒྲིལ་གྱི་གནས་སྟངས་ལ་གུས་བརྩི་དགོས་ལུགས་ཀྱང་བརྗོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎