རྒྱ་ནག་གིས་བོད་ཀྱི་གནས་ཚུལ་དྲང་བདེན་ཐོག་སྤེལ་དགོས་བརྗོད།

རྒྱ་ནག་གཞུང་གིས་གསར་འགྱུར་རྒྱུད་ལམ་ཁག་གིས་བོད་ཀྱི་གནས་ཚུལ་སྤེལ་སྐབས་དྲང་བདེན་གྱི་སྒོ་ནས་གནས་ཚུལ་སྤེལ་དགོས་པར་བརྗོད་འདུག

2009.03.26

༄༅༎རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་གསར་འགྱུར་རྒྱུད་ལམ་ཁག་གིས་བོད་ཀྱི་གནས་ཚུལ་སྤེལ་སྐབས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་དང་འཚམས་ཤིང་དྲང་བདེན་གྱི་སྒོ་ནས་གནས་ཚུལ་སྤེལ་དགོས་པར་བརྗོད་འདུག

དེའང་ད་རེས་སྤྱི་ཚེས་ཉི་ཤུ་དྲུག་ཉིན་གྱི་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་དེའི་ཐོག་བཞུགས་མཁན་གསར་འགོད་པ་ཚོར་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་གྱི་བོད་ཀྱི་དོན་རྐྱེན་དེའི་གནས་སྟངས་ངོ་མ་མཚོན་པའི་བརྙན་འཕྲིན་འོད་ཐེར་དེ་འདྲ་ལག་སོན་བྱུང་ཡོད་ཅིང་ཁོང་ཚོས་རང་ཉིད་ལ་ལག་སོན་བྱུང་བའི་བརྙན་འཕྲིན་འོད་ཐེར་དེ་ཚོའི་འབྲེལ་ཡོད་གནས་ཚུལ་ཐོག་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པར་འདྲི་བ་བཏོན་ཡོད་ལ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཇིན་ཀང་ནས་དབྱིན་ཇིའི་རླུང་འཕྲིན་ལས་ཁང་གི་གསར་འགོད་པས་འབྲེལ་ཡོད་བཙན་བྱོལ་བོད་གཞུང་གི་ངོས་ནས་བཏོན་པའི་བོད་ཀྱི་གསུམ་གཅིག་བཞིའི་དོན་རྐྱེན་དེའི་སྐོར་གྱི་འདྲི་བར་ལན་འདེབས་བྱེད་སྐབས་ཇིན་ཀང་ནས་བརྙན་འཕྲིན་འོད་ཐེར་དེ་ངས་ཀྱང་བལྟས་པ་ཡིན།ནང་དོན་གྱི་ཐོག་ནས་བལྟས་ན་བཅད་བཏུབ་དང་ཞ་དཔེ་ལྷམ་འགེག་དེ་བཞིན་སྦྱར་མཐུད་བཅས་བྱས་པའི་ཤུལ་མངོན་གསལ་དོད་པོ་འདུག་ལ་ཕལ་ཆེར་ཏཱ་ལའི་རུ་ཚོགས་ཀྱིས་ནུབ་ཕྱོགས་པའི་གསར་འགྱུར་རྒྱུད་ལམ་ཁ་ཤས་ཀྱི་ཐོག་ནས་བརྙན་པར་བཅད་བཏུབ་བྱེད་པའི་ལག་རྩལ་སློབ་སྦྱོང་བྱས་ཡོད་པ་རེད་འདུག་ཅེས་དང་ད་དུང་ཇིན་ཀང་ནས་གསར་འགྱུར་རྒྱུད་ལམ་ཁག་ནས་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་གཏོར་རྒོལ་འཕྲོག་བསྲེགས་ཀྱི་ཚབས་ཆེའི་དྲག་སྤྱོད་ཀྱི་ནག་ཉེས་བསགས་པའི་གནས་ཚུལ་ངོ་མ་དེ་ཕྱི་རོལ་གྱི་གནས་ཚུལ་དང་འཚམས་ཤིང་ཕྱོགས་ཡོངས་དང་དྲང་བདེན་གྱི་སྒོ་ནས་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་ཀྱང་བཤད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎