རྒྱ་ནག་དང་ཉི་ཧོང་བར་འབྲེལ་བ་རྒྱུན་འཁྱོངས་ཡོང་བའི་རེ་བ།
2010.10.02
༄༅༎རྒྱ་ནག་དང་ཉི་ཧོང་དབར་མཚོ་གླིང་ཞིག་གི་བདག་དབང་ཐད་འདས་པའི་བདུན་ཕྲག་གསུམ་ཙམ་རིང་འཁོན་རྩོད་རྒྱུན་བསྲིང་བྱས་མིན་ལ་མི་ལྟོས་པར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་གཙོ་བོ་མ་ཀྲུ་ཞུས་ཁ་ས་གཏམ་བཤད་ཅིག་གནང་བའི་ནང་ ཉི་ཧོང་གཞུང་གིས་ རྒྱ་ནག་ལྷན་དུ་ཡུལ་གཉིས་དབར་གྱི་རྣམ་གྲངས་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་གནང་དགོས་ཞེས་མགྲོན་བརྡ་བཏང་ཡོད་པ་རེད་
གཏམ་བཤད་དེའི་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་གལ་གནད་ཆེན་པོར་བརྩི་ཡི་ཡོད་ལ་ ཉི་ཧོང་གི་ཕྱོགས་ནས་ཀྱང་རྒྱ་ནག་ལྷན་དུ་གང་ཅིའི་ཐད་ནས་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུར་འབད་བརྩོན་གནང་བའི་རེ་བ་ཡོད་ཅེས་བཀོད་ཡོད་པ་རེད་
མཚོ་གླིང་གི་བདག་དབང་ཐད་རྒྱ་ནག་གི་ངོས་ནས་འཛམ་གླིང་གི་སྤྱི་ཚོགས་ནང་འགན་འཁུར་ལྡན་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་འཁྱེར་དགོས་ཀྱི་རེད་ཞེས་ ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་ཁ་ས་ཉི་ཧོང་གི་གྲོས་ཚོགས་ནང་གསུངས་བའི་རྗེས་སུ་ རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ཕྱོགས་ནས་ཉི་ཧོང་ལྷན་དུ་ཡུལ་གཉིས་དབར་གྱི་རྣམ་གྲངས་ལྡན་པའི་འབྲེལ་བ་དེ་རྒྱུན་འཁྱོངས་གནང་འདོད་ཡོད་པའི་སྐོར་གཏམ་བཤད་དེ་སྤེལ་ཡོད་པ་རེད།