ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་སྐོར་གྱི་སྙན་ཐོ།

རྒྱ་ནག་གཞུང་གིས་ཨི་རན་ལ་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་དོན་ལྷན་ཁང་དང་འབྲེལ་ལམ་བཟང་དུ་གཏོང་དགོས་པའི་བསྐུལ་མ་བྱས་འདུག

2010.06.01

༄༅༎རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་དོན་ཁང་གིས་ཨི་རན་གྱི་ངོས་ནས་རྩོད་གཞི་ཆེ་བའི་རྡུལ་ཕྲན་གྱི་ལས་འཆར་མདུན་བསྐྱོད་བྱེད་འཆར་ཡོད་པའི་སྙན་ཐོག་ཞིག་བཏོན་ཡོད་པ་དང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨི་རན་ལ་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་དོན་ལྷན་ཁང་དང་འབྲེལ་ལམ་བཟང་དུ་གཏོང་དགོས་པའི་བསྐུལ་མ་བྱས་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའ་ཀྲའོ་ཤུའུ་ཡིས་ ང་ཚོས་ཨི་རན་གྱི་ངོས་ནས་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་དོན་ཁང་དང་འབྲེལ་ལམ་ཡར་རྒྱས་བཏང་སྟེ་ ད་ཡོད་ཀྱི་རྩོད་རྙོག་ཁག་གང་མགྱོགས་སེལ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་ཆབས་གཅིག་ རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་ཁང་གི་འབད་བརྩོན་ལ་དགའ་བསུ་ཞུ་གི་ཡོད་ཅེས་ཀྱང་བརྗོད་འདུག།  རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་ཁང་གིས་ཡོངས་ཁྱབ་འགྲེམས་སྤེལ་མ་བྱས་པའི་སྙན་ཐོ་ཞིག་ཕེ་རནསི་གསར་སྤེལ་ལས་ཁང་ལ་ལག་ཐོབ་བྱུང་ཞིང་དེའི་ནང་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་ཁང་གིས་ཨི་རན་གྱི་རྡུལ་ཕྲན་ལས་འཆར་གི་དམིགས་ཡུལ་ངོ་མ་ཇི་ཡིན་ཐད་མུ་འཐུད་བློ་འཚབ་བྱེད་བཞིན་ཡོད་པ་བཀོད་ཡོད་པ་དང་ ཨི་རན་གྱི་ངོས་ནས་རང་ཉིད་ཀྱི་རྡུལ་ཕྲན་ལས་འཆར་ནི་ཞི་བའི་ལས་དོན་ཁོ་ནའི་ཆེད་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།

སྙན་ཐོ་དེའི་ནང་རྒྱལ་སྤྱིའི་རྡུལ་ཕྲན་རྟོག་ཞིབ་ལས་དོན་ཁང་གིས་ཨི་རན་གྱི་ངོས་ནས་ཚད་མཐོའི་ཡུ་རེ་ནིཡམ་གྱི་ཉིང་ཁུ་མཁོ་བཏོན་བྱེད་བཞིན་ཡོད་པ་དང་ འདས་པའི་དུས་ཡུན་གྱི་ནང་དང་ད་ལྟའི་སྐབས་ཨི་རན་གྱིས་གསང་བའི་ཐོག་ནས་རྡུལ་ཕྲན་གྱི་ལས་འཆར་སྤེལ་བཞིན་ཡོད་པར་མ་ཟད་ དེའི་ཁོངས་སུ་མེ་ཤུགས་འཕུར་མདེལ་ལ་འདེགས་ཐུབ་པའི་རྡུལ་ཕྲན་གོ་མཚོན་དང་འབྲེལ་བ་ཡོད་པའི་ལས་དོན་ཡང་སྤེལ་ཡོད་པ་བཀོད་ཡོད་པ་རེད།

རྒྱ་ནག་ནི་ཨི་རན་དང་ཧ་ཅང་ཉེ་འབྲེལ་ཡོད་པའི་ཡུལ་གྲུ་ཞིག་ཡིན་པ་དང་རྒྱ་ནག་གི་རྡོ་སྣུམ་དང་རང་འབྱུང་རྫས་རླངས་ཀྱི་དགོས་མཁོ་ཨི་རན་ལ་ཤུགས་ཆེ་ལ་བརྟེན་ཡོད་པ་རེད་ རྒྱ་ནག་གི་ངོས་ནས་ཨི་རན་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅིང་རྒྱ་ནག་གིས་མུ་འཐུད་ཨི་རན་གྱི་རྡུལ་ཕྲན་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎