རྒྱ་གར་གནས་མཇལ་བ་བརྒྱ་ཕྲག་རྒྱ་ནག་གཞུང་གིས་བཀག་འགོག

རྒྱ་གར་གནས་མཇལ་བ་བརྒྱ་ཕྲག་འགའ་ཤས་ཤིག་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་བལ་བོད་ས་མཚམས་སུ་ལྷག་ནས་བསྡད་འདུག

2012.06.08

༄༅༎བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིའི་ནང་ཡོད་པའི་གངས་རིན་པོ་ཆེ་དང༌། མ་ཕམ་གཡུ་མཚོ་བཅས་པ་མཇལ་རྒྱུའི་ཆེད་བསྐྱོད་མཁན་ རྒྱ་གར་གྱི་གནས་མཇལ་བ་བརྒྱ་ཕྲག་འགའ་ཤས་ཤིག་ རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ། ད་ཆ་བལ་བོད་ས་མཚམས་སུ་ལྷག་ནས་བསྡད་ཡོད་གནས་ཚུལ་ཐོན་འདུག

དེ་ཡང་བོད་ནང་ཡོད་པའི་གོང་ཞུས་གནས་ཆེན་དེ་གཉིས་མཇལ་དུ་བསྐྱོད་མཁན་རྒྱ་གར་བ་མི་གྲངས་བདུན་བརྒྱ་ནས་བརྒྱད་བརྒྱ་ཙམ་ཞིག་ཡོད་པ་དེ་དག་འགྲུལ་བཞུད་བྱེད་སའི་སྣུམ་འཁོར་རྣམས་ལ། རྒྱ་ནག་གི་ས་ཐོག་ཏུ་འཛུལ་ཞུགས་ཆོག་པའི་ཆོག་མཆན་མེད་སྐོར་བཤད་དེ་ རྒྱ་ནག་གཞུང་གི་ས་མཚམས་དཔོན་རིགས་ཚོས་བཀག་འགོག་བྱས་པར་བརྟེན། ད་ཆ་རྒྱ་གར་གྱི་གནས་མཇལ་བ་དེ་དག བལ་ཡུལ་གྱི་མཐའ་མཚམས་ས་གནས་ ཏ་ཏོ་པ་ནིར་ལྷག་ནས་བསྡད་ཡོད་པའི་ཁོངས་ནས་ མི་གྲངས་མང་པོ་ཞིག་ད་ཆ་བལ་ཡུལ་རྒྱལ་ཀཐ་མན་གྲུར་ཕྱིར་ལོག་བྱེད་བཞིན་ཡོད་སྐོར་ བལ་ཡུལ་གྱི་འགག་སྒོའི་དཔོན་རིགས་སུ་རྡིར་ཤའ་ཡིས་གནས་ཚུལ་ཕྱི་བསྒྲགས་གནང་འདུག ཏ་ཏོ་པ་ནི་ཞེས་པའི་ས་གནས་དེ་ནི། བལ་ཡུལ་རྒྱལ་ས་ཀཐ་གྲུའི་ཤར་ཕྱོགས་སུ་ ཀི་ལོ་མི་ཀྲར་ ༡༢༥ ཙམ་གྱི་སར་ཡོད་པ་རེད།

བལ་ཡུལ་གྱི་འགག་སྒོའི་དཔོན་རིགས་སུ་རྡིར་ཤའ་ཡིས་མུ་མཐུད་འགྲེལ་བརྗོད་གནང་བར་བྱས་ན། ད་ལམ་བལ་བོད་ས་མཚམས་ཏ་ཏོ་པ་ནིར་ལྷག་ནས་བསྡད་ཡོད་པའི་རྒྱ་གར་གྱིས་གནས་མཇལ་བ་དེ་དག་ལ་ བོད་ནང་བསྐྱོད་ཆོག་པའི་ཐོངས་མཆན་ལག་འཁྱེར་ཡོད་པ་དེ་ལྟར་ཡང༌།  གནས་མཇལ་བ་འགྲིམས་འགྲུལ་བྱེད་སའི་སྣུམ་འཁོར་དེ་དག་བོད་ནང་འཛུལ་ཞུགས་ཆོག་པའི་བཀའ་འཁྲོལ་མེད་པ་དེ་ནི། རྒྱ་གར་གྱི་འགྲིམས་འགྲུལ་ལས་ཁང་མང་ཆེ་བས་དེ་ལྟར་དགོས་ཀྱི་ཡོད་པ་ཤེས་ཀྱི་མེད་པའི་རྒྱུ་མཚན་གྱིས་ཡིན་སྐོར་གསུང་འདུག

བོད་ནང་ཡོད་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་ ནང་པ་དང་ཧིན་རྡུ་གཉིས་ཀས་རྩ་ཆེའི་འཛིན་གྱི་ཡོད་པ་ལྟར།  ལོ་ལྟར་རྒྱ་གར་གྱི་མི་མང་བརྒྱ་ཕྲག་མང་པོ་གནས་ཆེན་དེ་གཉིས་མཇལ་དུ་བསྐྱོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎