ཕྱི་རྒྱལ་ཁ་བྲལ་རིང་ལུགས་པས་ངོ་རྒོལ་ངན་སྐུལ་བྱས་ཟེར།

བོད་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནི་ཕྱི་རྒྱལ་དུ་ཡོད་པའི་ཁ་བྲལ་རིང་ལུགས་པའི་སྐུལ་སློང་བྱས་ལུགས་རྒྱ་ནག་གཞུང་གིས་ཁ་གཡོག་བྱས་པ།

2012.01.24

༄༅༎རེས་གཟའ་ཟླ་བའི་ཉིན་ཁམས་བྲག་འགོར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཕྱི་རྒྱལ་དུ་ཡོད་པའི་ཁ་བྲལ་རིང་ལུགས་པའི་སྐུལ་སློང་བྱས་ལུགས་རྒྱ་ནག་གཞུང་གིས་་ཁ་གཡོག་བྱས་ཡོད་པ་རེད།
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བོད་རང་དབང་ཚོས་པས་གསུང་པ་དང༌། བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་དང་པོའི་ཚེས་༢༣ རེས་གཟའ་ཟླ་བ་རྒྱ་མིའི་དཔྱིད་ལོའི་ལོ་གསར་ཚེས་གཅིག་འཁེལ་བའི་ཉིན། ཁམས་བྲག་འགོ་རྫོང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས། རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཁྲོད་མེ་མདའ་རྒྱབ་ཏེ་ལོ་ན་༤༩ པའི་ནོར་པ་ཡོན་ཏན་ལགས་འདས་གྲོངས་སུ་ཕྱིན་པ་དང་བོད་མི་༣༦ ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་ཅིང༌། འོན་ཀྱང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། བྲག་འགོ་ས་གནས་སུ་དོན་རྐྱེན་བྱུང་བ་དེ་ནི། ཚོང་ཁང་དང་ཉེན་རྟོག་ལས་ཁུངས་སུ་ཟིང་ཆ་སླངས་བར་བརྟེན་ཕྱོགས་ཕན་ཚུན་གདོང་ཐུག་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་ཉེན་རྟོག་པ་ལྔ་ལ་རྨས་སྐྱོན་ཕོག་ཡོད་ཚུལ་དང༌། ད་དུང་རེས་གཟའ་ཟླ་བའི་ཉིན་གྱི་དོན་རྐྱེན་དེ་ནི། ཕྱི་རྒྱལ་དུ་ཡོད་པའི་བོད་རང་བཙན་འདོད་མཁན་གྱི་ཁ་བྲལ་རིང་ལུགས་པའི་ངན་ཇུས་དང༌། ཁོང་ཚོས་རྒྱ་ནག་གཞུང་ལ་མིང་ཆད་བཟོ་གི་ཡོད་པ་རེད་ཅེས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། དེ་རིང་ཕེ་རན་སེ་གསར་འགོད་པས་ཁ་པར་ཐོག་བོད་ནས་ངོ་རྒོལ་གྱི་དོན་རྐྱེན་བྱུང་ཡུལ་ནས་ཀི་ལོ་མོ་ཊར་གཅིག་གི་མཚམས་སུ་ཡོད་པའི་བྲག་འགོ་དགོན་པའི་དགེ་འདུན་པ་ཞིག་དང་འབྲེལ་བ་བྱུང་བའི་སྐབས། ཁོང་གིས། རྒྱ་མིའི་དྲག་ཆས་ཉེན་རྟོག་པ་ཆིག་སྟོང་ནས་ཉིས་སྟོང་བར་འགྲེམས་འཇོགས་བྱས་ཡོད་པའི་གནས་ཚུལ་དང༌། དགོན་པའི་ནང་དུ་རྨས་སྐྱོན་ཕོག་པའི་མི་དམངས་༣༢ ལ་སྨན་བཅོས་བྱེད་མུས་དང༌། དེའི་ནང་ནས་མི་གཉིས་ཀྱི་གནས་སྟངས་ཛ་དྲག་པོ་ཡོད་པའི་ནང་ནས་གཅིག་གི་མགོ་ལ་མེ་མདའ་ཕོག་པའི་གནས་ཚུལ་འགྲེལ་བརྗོད་བྱས་བྱུང་བ་གསུང་ཡོད་པ་རེད། ད་ལྟ་བོད་ནས་གནས་ཚུལ་གསར་དུ་འབྱོར་བའི་ནང༌། དེ་རིང་ཡང་བོད་མདོ་སྨད་གསེར་རྟ་རྫོང་དུ་ས་གནས་བོད་མི་སྐྱ་སེར་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་གང་བྱུང་དུ་མེ་མདའ་རྒྱབ་ཏེ་བོད་མི་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་བོད་མི་༤༠ ལྷག་རྨས་སྐྱོན་ཕོག་པའི་གནས་ཚུལ་གསར་དུ་ཐོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎