རྒྱ་ནག་ནང་མི་འབོར་ཞིབ་བཤེར་གྱི་ལས་གཞི་འགོ་འཛུགས་བྱ་རྒྱུ།

རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་གྱི་ལས་གཞི་འགོ་བཙུགས་པ་དང་དེ་ལོ་བཅུ་རེའི་ཐོག་ཐེངས་རེར་བྱེད་སྲོལ་ཡོད་པ་རེད།

2010.10.31

༄༅༎རེས་གཟའ་ཟླ་བ་ནས་རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་དྲུག་པ་འགོ་བཙུགས་པ་དང༌། རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་གྱི་ལས་གཞི་དེ་ལོ་བཅུ་རེའི་ཐོག་ཐེངས་རེར་བྱེད་སྲོལ་ཡོད་པ་རེད།

དེཡང་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་གི་མི་འབོར་གྲངས་བཤེར་ཁ་གསལ་དང་མི་འབོར་གྲངས་ཀ་གསར་པ་ངེས་གཏན་ཡོང་རྒྱུར་དམིགས་ཏེ། ཕྱི་ཟླ་༡༡པའི་ཚེས་༡ནས་འགོ་བཙུགས་པ་བཞིན་ཚེས་༡༠བར་མི་འབོར་གྲངས་བཤེར་བྱ་རྒྱུ་ཡིན་ཞིང༌། མི་འབོར་ཞིབ་བཤེར་གྱི་ལས་མི་ས་ཡ་དྲུག་ལྷག་གིས་ཁྱིམ་ཚང་གི་ཐེམ་དུད་མི་རེ་ངོ་རེར་བསྐྱོད་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཐེམ་དུད་ས་ཡ་༤༠༠ཡོད་པ་ཚང་གྲངས་བཤེར་བྱེད་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཟླ་༡༡པའི་ཚེས་༡༡ནས་༣༠བར་མི་འབོར་ཞིབ་བཤེར་གཞན་ཞིག་བྱས་ཏེ། མི་འབོར་གྲངས་བཤེར་དངོས་སུ་ཕྱི་ཟླ་༡༢ནས་འགོ་བཙུགས་རྒྱུ་དང༌། གྲངས་འབོར་གྱི་བསྡོམས་རྩིས་ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་བཞི་པའི་ནང་བཏོན་རྒྱུའི་འཆར་གཞི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎