འབྲི་ཆུའི་ཐོག་སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་འགོ་བཙུགས་ཡོད་པ།


2016.04.30
 འབྲི་ཆུའི་ཐོག་སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་འགོ་བཙུགས་ཡོད་པ། འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད།
བི་ཀི་པི་ཌི་ཡ།

༄༅། །ཉེ་ཆར་རྒྱ་ནག་གཞུང་ནས་བོད་ཀྱི་རྨ་ཁམས་རྫོང་དང་འབའ་ཐང་རྫོང་གི་ས་མཚམས་སུ་རྒྱུགས་པའི་འབྲི་ཆུའི་ཐོག་སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་ཞེས་པའི་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་དེ་ཕྱོགས་ཡོངས་ནས་བརྒྱབ་འགོ་ཚུགས་ཡོད་པ་རེད་འདུག
དེའང་གོང་ཞུས་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མཁན་ནི་རྒྱ་ནག་གི་ཧའ་ཏན་འབྲི་ཆུའི་སྟོད་ཀྱི་ཆུ་གློག་ཐོན་སྤེལ་ཚད་ཡོད་ཚོང་དོན་ཚན་པ་ཞེས་པ་དེ་ཡིན་ཞིང་། ཆུ་ཤུགས་གློག་ཁང་དེ་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ཁྱོན་ཨ་སྒོར་ཐེར་འབུམ་གསུམ་ལྷག་གི་འགྲོ་སོང་གཏོང་དགོས་ཀྱི་ཡོད་པ་དང་། སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་དེ་ནི་འབྲི་ཆུའི་སྟོད་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རྒྱུའི་ཆུ་མཛོད་གཅིག་ལ་སྐས་རིམ་༡༣གྱི་ཐོན་འགོ་འབྱེད་རྒྱུའི་འཆར་གཞི་དེའི་ཁྲོད་ཀྱི་སྐས་རིམ་བཅུ་པའི་ཆུ་ཤུགས་གློག་ཁང་ཞིག་ཡིན་པ་རེད་འདུག་ལ། འཆར་གཞི་ལྟར་ན་། ཆུ་ཤུགས་གློག་ཁང་དེའི་ཐོག་གློག་ཤུགས་ཆན་ཝ་ཁྲི་ཚོ་༣༠འི་ཤུགས་ཚད་ལྡན་པའི་འཕྲུལ་ཆས་བཞི་སྒྲིག་སྦྱོར་བྱེད་རྒྱུ་དང་། ཁྱོན་ཆུ་ཤུགས་གློག་ཁང་དེའི་ཐོག་གློག་ཤུགས་ཆན་ཝ་ཁྲི་༡༢༠འི་འཕྲུལ་ཆས་འཛུགས་རྒྱུ་ཡིན་ཞིང་། ད་དུང་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༡པའི་ནང་། སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་ཡུལ་གྱི་འབྲི་ཆུའི་ཆུ་བཀག་ཐུབ་པ་བྱེད་རྒྱུ་དང་། སྤྱི་ལོ་༢༠༢༠ལོར་འཕྲུལ་འཁོར་ཁག་ཅིག་གི་ཐོག་མའི་གློག་མཁོ་འདོན་བྱེད་ཐུབ་པ་བྱེད་རྒྱུ་མ་ཟད། ད་དུང་སྤྱི་ལོ་༢༡ལོའི་ནང་སུའུ་དབའ་ལུང་ཆུ་ཤུགས་གློག་ཁང་དེ་བཞིན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཟིན་པ་བྱེད་རྒྱུ་རེད་འདུག།
གཞན་ཡང་སུའུ་དབན་ལུང་ཆུ་ཤུགས་གློག་ཁང་དེའི་ཐོག་ནས་གཙོ་བོ་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་པའི་རྒྱ་ནག་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་གློག་མཁོ་འདོན་བྱེད་རྒྱུ་ཡིན་པ་དང་། ལོ་ལྟར་ཆ་སྙོམས་གློག་ཤུགས་ཆན་ཝ་ཐེར་འབུམ་ལྔ་དང་ཕྱེད་ཀ་ཙམ་ཞིག་མཁོ་འདོན་བྱེད་ཐུབ་པ་བྱེད་རྒྱུ་ཡིན་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎