རྒྱ་ནག་དམག་དཔུང་ནང་དྲ་རྒྱ་དམ་བསྒྲཌ

རྒྱ་ནག་མི་མང་བཅིངས་བཀྲོལ་དམག་དཔུང་གིས་བཅིངས་བཀྲོལ་དམག་མི་ཚོར་དྲ་རྒྱ་གང་བྱུང་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱ་རྒྱུའི་སྐོར།

2011.06.01

༄༅༎རྒྱ་ནག་མི་མང་བཅིངས་བཀྲོལ་དམག་དཔུང་གིས་་བཅིངས་བཀྲོལ་དམག་མི་ཚོས་དྲ་རྒྱའི་ནང་ནས་གྲོགས་པོ་འཚོལ་རྒྱུ་དེས་དགྲ་བོས་མགོ་བསྐོར་བསླུ་བྲིད་བྱེད་སྲིད་པའི་ཉེན་ཚབས་ཡོད་པར་བརྟེན་ དྲ་རྒྱ་གང་བྱུང་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱ་རྒྱུའི་སྐོར་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་འཁོད་ཡོད་པ་རེད་ རྒྱ་ནག་མི་མང་བཅིངས་བཀྲོལ་དམག་དཔུང་གིས་དམག་མི་ཚོས་དམག་དཔུང་གི་གསང་བའི་གནས་ཚུལ་དང་ རང་ཉིད་དམག་དཔུང་ནང་ལས་འགན་ག་རེ་ཡིན་མིན་ དེ་བཞིན་ཁ་སྦྱང་སོགས་དྲ་རྒྱའི་ཐོག་ནས་གཞན་ལ་སྤྲོད་རྒྱུར་བཀག་སྡོམ་བྱ་རྒྱུ་དང་ དེ་བཞིན་རང་ཉིད་ཀྱི་དཔར་དང་ལྷག་པར་དུ་དམག་དོན་སྦྱོང་རྡར་བྱེད་པའི་རིང་གི་དྲ་རྒྱ་ བརྒྱུད་ནས་ཕྱི་ཕྱོགས་དང་འབྲེལ་བ་བྱུ་རྒྱུར་དམ་བསྒྲཌ་བཀག་སྡོམ་བྱ་རྒྱུ་ཡིན་ཞིང་ གལ་སྲིད་དེ་ལྟར་བྱུང་ཚེ་ དམག་དཔུང་གི་གསང་བའི་གནས་ཚུལ་དགྲ་ཕྱོགས་ནས་ཤེས་རྟོགས་ཡོང་སྲིད་ལུགས་བརྗོད་ཀྱི་ཡོད་པ་རེད་ རྒྱ་ནག་དམག་དཔུང་གིས་ན་ནིང་ནས་བཟུང་བཅིངས་བཀྲོལ་དམག་གི་དམག་མི་ཚོས་དྲ་རྒྱའི་ཐོག་ནས་གྲོགས་པོ་སྒྲིག་ཏེ་གནས་ཚུལ་བརྗོད་རྒྱུར་བཀག་སྡོམ་གྱི་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་དང་ ད་རེས་སྲིད་ཇུས་དེའི་གཞི་རྩའི་འོག་དམག་མི་ཚོར་ དྲ་རྒྱ་བརྒྱུད་ནས་གྲོགས་པོ་འགྲིག་རྒྱུར་དམ་བསྒྲཌ་བཀག་སྡོམ་བྱ་རྒྱུར་གཏན་འབེབས་བསྐྱར་དུ་བྱས་པ་ཞིག་ཡིན་པ་རེད་ དམག་མི་ཚོས་དྲ་རྒྱ་བེད་སྤྱོད་བྱེད་པའི་སྐབས་དམ་བསྒྲཌ་བྱེད་ཡས་གཙོ་བོ་ དྲ་རྒྱའི་ཐོག་ཕན་ཚུན་ཡིག་འབྲེལ་བྱེད་ཡས་དང་ དེ་བཞིན་རང་ཉིད་ཀྱི་ལོ་རྒྱུས་སོགས་པའི་གནས་ཚུལ་འབྲི་རྒྱུ་སོགས་ཡིན་འདུག ཡིན་ནའི་རྒྱ་ནག་དམག་དཔུང་གིས་དམག་མི་ཚོས་དྲ་རྒྱ་ཐོག་གང་བྱུང་གནས་ཚུལ་བརྗོད་རྒྱུར་བཀག་སྡོམ་དམ་བསྒྲཌབྱེད་ཡས་དེས་དམག་མི་ཚོའི་ནང་བསམ་ཚུལ་ཤུགས་ཆེ་ཡོང་བཞིན་ཡོད་པ་དང་ ཡིན་ནའི་དམག་དཔུང་གིས་དམག་མི་ཚོས་དྲ་རྒྱའི་ཐོག་ཉེན་ཚབས་ཆེ་བའི་གནས་སྟངས་ལ་བསམ་ཞིབ་ཀྱིས་སྲིད་ཇུས་གཏན་འེབབས་བྱས་པ་བཞིན་ལག་བསྟར་བྱ་དགོས་ལུགས་བརྗོད་ཀྱི་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎