འབར་ཁམས་རྫོངས་སུ་ཆོས་ཕྱོགས་ཀྱི་འདུ་འཛོམས་ལ་དམ་བསྒྲཌ།

བོད་ཀྱི་མདོ་སྨད་འབར་ཁམས་རྫོངས་ནང་བོད་མི་རྣམས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཞིག་གནང་རྒྱུར་རྒྱ་གཞུང་གིས་དམ་བསྒྲགས་བྱས་ཡོད་འདུག

2009.12.28

༄༅༎བོད་ཀྱི་མདོ་སྨད་འབར་ཁམས་རྫོངས་ནང་བོད་མི་རྣམས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཞིག་གནང་རྒྱུར་རྒྱ་གཞུང་གིས་དམ་བསྒྲགས་བྱས་ཡོད་པ་རེད་

དེ་ཡང་ལོ་ལྟར་ཚོགས་བཞིན་པའི་འབར་ཁམས་རྫོངས་ནང་གི་ཚད་མའི་འདུ་ཚོགས་དེ་འདི་ལོའི་རེ་མོས་རྒྱལ་རོང་ཀིར་ཏི་མཚོ་བདུན་དགོན་པར་ཚོགས་གནང་ན་དགེ་འདུན་པ་རྣམས་འཛིན་བཟུང་དང་དེ་མིན་དགོན་པ་སྒོ་རྒྱབ་རྒྱུའི་བཀོད་རྒྱ་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་ཉེན་བརྡ་བཏང་ཡོད་པ་རེད་

འབར་ཁམས་རྫོངས་ཀྱིས་གོང་ཞུས་ཆོས་ཕྱོགས་ཀྱི་འདུ་ཚོགས་དེ་གནང་མ་ཆོག་པའི་རྒྱུ་མཚན་དེ་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་བཀོད་འདོམས་བྱས་པའི་ཆོས་ཕྱོགས་ཀྱི་ཚན་པ་ཁག་གིས་ལག་བསྟར་བྱེད་དགོས་པའི་སྒྲིག་གཞིའི་འབྲུ་དོན་ལ་གཞི་བཞག་ནས་བཀོད་འདོམས་བྱས་པའི་རྒྱུ་མཚན་འབྲང་ཡོད་པ་རེད་

གནས་ཚུལ་ནང་བཀོད་དོན་ལ་གཞིགས་ན་འདི་ལོའི་ཚད་མའི་འདུ་ཚོགས་གནང་ཡུལ་རྒྱལ་རོང་ཀིར་ཏི་འཚོ་འདུན་དགོན་པའི་གཡས་གཡོན་དུ་སྲུང་བྱའི་བསྐོར་སྲུང་བ་གང་མང་འགྲེམས་འཇོག་དང་དམ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་སྤེལ་བཞིན་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད་            མདོ་སྨད་འབར་ཁམས་རྫོངས་ཀྱི་ཚད་མའི་འདུ་ཚོགས་དེ་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ནང་ཚོགས་གནང་སྲོལ་ཡོད་པ་དང་དེ་ཡང་མངའ་ཁུལ་གྱི་ཀིར་ཏི་དགོན་པ་བཞི་རེ་མོས་ཐོག་གནང་གི་ཡོད་ཅིང་དགོན་པ་ཁག་ནི་སྟག་ཚང་ལྷ་མོ་ཀིར་ཏི་དགོན་པ་དང་རྔ་པ་ཀིར་ཏི་ མཚོ་བདུན་ཀིར་ཏི་དང་ཧོར་ཚང་ཀིར་ཏི་བཅས་ཡིན་པ་རེད་ གོང་ཞུས་ཚད་མའི་འདུ་ཚོགས་དེ་ཕྱི་ལོ་ཉིས་སྟོང་བདུན་ལོར་འགོ་བཙུགས་གནང་བ་ཞིག་ཡིན་པ་དང་དེར་མདོ་སྨད་ཁུལ་གྱི་དགོན་པ་ལྔ་བཅུ་སྐོར་ཞིག་གི་དགེ་འདུན་པ་རྣམས་འདུ་ཚོགས་གནང་སྲོལ་ཡོད་པ་རེད་           མཚོ་བདུན་དགོན་པའི་དབུ་བླ་རྣམས་ཀྱིས་ཚད་མའི་འདུ་ཚོགས་སྐབས་སྲིད་དོན་གྱི་ལས་འགུལ་སོགས་མ་ཡོང་བའི་ཁས་ལེན་གནང་ཡང་དེར་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱིས་ངོས་ལེན་རྩ་བ་ནས་བྱས་མེད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎