ཐའེ་ལྦན་དང་ཨ་མི་རི་ཀའི་འབྲེལ་ལམ་སྐོར།

ཐའེ་ལྦན་དང་ཨ་རི་གཉིས་ཀྱིས་རྒྱ་ནག་ཐོག་སྲིད་བྱུས་བཟུང་སྟངས་མི་འདྲ་བའི་རྐྱེན་གྱིས་གྲོས་མོལ་ལས་རིམ་བར་མཚམས་ཆད་ཡོད་པ་རེད།

2009.06.02

༄༅༎ཐའེ་ལྦན་དང་ཨ་མི་རི་ཀའི་དབར་གྱི་ཆེས་མཐོའི་གྲོས་མོལ་ལས་རིམ་ད་ཆ་སླར་གསོ་བྱུང་ཡོད་ཅིང་ཕྱོགས་གཉིས་སོ་སོས་རྒྱ་ནག་ཐོག་སྲིད་བྱུས་བཟུང་སྟངས་མི་འདྲ་བའི་རྐྱེན་གྱིས་འདས་པའི་ལོ་འགའ་ཤས་རིང་གྲོས་མོལ་ལས་རིམ་བར་མཚམས་ཆད་ཡོད་པ་རེད།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཞུཡི་པན་མཆོག་གིས་རྒྱ་ནག་ལ་གནོད་གཞི་ཆེ་བའི་ཐའེ་ལྦན་རང་བཙན་ལ་ཕྱོགས་པའི་སྲིད་བྱུས་བཟུང་གནང་པ་དེས་ཨ་མི་རི་ཀ་མི་དགའ་བ་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་བྱུང་ཡོད་ན་ཡང་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཅན་མཱ་ཡིང་ཇུ་ཐའེ་ལྦན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་ཕྱིར་བསྒྲགས་མེད་པའི་ཐོག་ནས་ཐའེ་ལྦན་དང་ཨ་མི་རི་ཀའི་དབར་གྱི་གཞུང་འབྲེལ་གྲོས་མོལ་ལས་རིམ་དེ་འགོ་བཙུགས་ཡོད་པ་ཐའེ་ལྦན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧེན་རི་གྲན་གྱིས་བརྗོད་འདུག་ལ་མ་ཟད་གཟའ་ཟླ་བའི་ཉིན་དབུས་ཨ་མི་རི་ཀའི་ཡུལ་གྲུ་ཨེལ་སར་ལྦ་ཌོར་གྱི་ནང་ཚུགས་པའི་གཞུང་འབྲེལ་གྱི་མཛད་སྒོ་ཞིག་གི་སྐབས་ཐའེ་ལྦན་གྱི་སྲིད་འཛིན་དང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་རྣམ་གཉིས་དུས་ཡུན་ཐུང་ངུ་ཞིག་རིང་མཇལ་འཕྲད་ཀྱང་བྱུང་ཡོད་འདུག

ཐའེ་ལྦན་དང་ཨ་མི་རི་ཀའི་གྲོས་མོལ་འབྲེལ་ལམ་སླར་གསོ་བྱུང་བཞིན་པ་དེར་རྒྱ་ནག་གི་ངོས་ནས་ལྐོག་ཏུ་སྐྱོན་བརྗོད་བྱེད་སྲིད་ན་ཡང་ཡོངས་ཁྱབ་སྐྱོན་བརྗོད་རིགས་གང་ཡང་བྱེད་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎