ཨ་མདོ་བླ་བྲང་ཁུལ་གྱི་དགེ་འདུན་པ་གཉིས་ཀྱི་སྐོར།

བོད་པའི་དགེ་འདུན་པ་གཉིས་ཐེངས་མང་འཛིན་བཟུང་བྱས་པའི་རྗེས་ད་ཆ་ག་པར་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་གསུང་ཡོད་པ་རེད།

2009.06.05

༄༅༎ཟླ་བ་འདིའི་ཕྱི་ཚེས་གསུམ་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་བོད་ཀྱི་ཨ་མདོ་བླ་བྲང་དུ་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་དོན་རྐྱེན་ནས་བཟུང་དགེ་འདུན་པ་གཉིས་རྒྱ་ནག་གཞུང་གིས་ཐེངས་མང་འཛིན་བཟུང་བྱས་པའི་རྗེས་ད་ཆ་ག་པར་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་གསུང་ཡོད་པ་རེད།

དེ་ཡང་བླ་བྲང་དགོན་པའི་དགེ་འདུན་པ་ལོ་ན་སུམ་ཅུ་སོ་ལྔ་ཡིན་པ་བཙོན་འགྲུས་རྒྱ་མཚོ་ལགས་དང་ལོ་ན་སུམ་ཅུ་སོ་བརྒྱད་ཡིན་པའི་བསོད་ནམས་རྒྱ་མཚོ་ལགས་གཉིས་ཡིན་ཞིང་ན་ནིང་བླ་བྲང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་ཁོང་གཉིས་ཀྱིས་ལས་འགུལ་རིམ་པའི་ནང་མཉམ་ཞུགས་བྱས་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་རིམ་པ་བྱས་ཏེ་ཐེངས་གསུམ་གློད་འགྲོལ་བཏང་ཡོད་ཀྱང་ད་རེས་ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་རྒྱ་ནག་གཞུང་གིས་བླ་བྲང་ཁུལ་དུ་དྲག་ཆས་དམག་དཔུང་འཕོན་ཆེ་འགྲེམས་འཇོག་བྱས་ཏེ་བོད་མིའི་ཐོག་དམ་བསྒྲགས་ཆེན་པོ་བྱས་པའི་སྐབས་ཁོང་གཉིས་སླར་ཡང་འཛིན་བཟུང་བྱས་ཏེ་ད་ཆ་ཁོང་གཉིས་ཤི་སོན་གང་ཡིན་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པ་དང་ད་རེས་ཁོང་གཉིས་སླར་ཡང་འཛིན་བཟུང་བྱས་པ་དེ་ནི་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་དོན་རྐྱེན་བྱུང་ནས་ད་བར་ལོ་གཅིག་དེའི་ནང་ཐེངས་བཞི་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་ཁོང་གཉིས་འཛིན་བཟུང་བྱས་པའི་རྗེས་ནང་མི་དང་འབྲེལ་བ་ཡོད་པའི་མི་སྣ་ཚོས་ས་གནས་བདེ་འཇགས་ལས་ཁུངས་སུ་བསྐྱོད་དེ་ཁོང་གི་གནས་སྟངས་སྐད་ཆ་དྲིས་བ་དང་ཁ་ལག་དང་གྱོན་ཆས་བསྐྱལ་བར་བསྐྱོད་པའི་སྐབས་བདེ་འཇགས་དཔོན་རིགས་ནས་ཁོང་གཉིས་ལ་ན་ནིང་བླ་བྲང་ཁུལ་དུ་བྱུང་བའི་དོན་རྐྱེན་སྐོར་ར་སྤྲོད་ཡོང་རྒྱུའི་ཆེད་དུ་གནས་ཚུལ་གསར་དུ་འདྲི་རྩད་བྱ་དགོས་ཀྱི་ཡོད་པ་དང་གང་མགྱོགས་གློད་འགྲོལ་གཏོང་གི་རེད་ཅེས་བཤད་ཡོད་ཀྱང་ཁོང་གཉིས་མུ་མཐུད་དོ་དམ་བཀག་ཉར་འོག་གནས་བཞིན་པ་མ་ཟད་ཁོང་གཉིས་ཀྱི་གནས་སྟངས་ཇི་ཡིན་ནང་མི་ཚོར་ཤེས་རྟོགས་རྩ་བ་ནས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎