རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཟབ་ཏུ་གཏོང་འདོད་སྐོར།

རྒྱ་ནག་དང་བྱང་ཀོ་རི་ཡའི་མཐུན་འབྲེལ་དེས་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེར་ཞི་བདེ་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

2009.10.05

༄༅༎རྒྱ་ནག་དང་བྱང་ཀོ་རི་ཡའི་མཐུན་འབྲེལ་དེ་བས་ཟབ་ཏུ་གཏོང་འདོད་གནང་རྒྱུ་དང་ཡུལ་གཉིས་ཀྱི་མཐུན་འབྲེལ་དེས་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེར་ཞི་བདེ་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་གཞུང་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཧུ་ཇིན་ཏའོ་དང་སྲིད་བློན་ལྦན་ཇ་པའོ་རྣམ་གཉིས་ཀྱི་མཚན་ཐོག་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་དེས་ལོ་རྒྱུས་ཐོག་ཡུལ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་ཕྱོགས་ཕན་ཚུན་གཉིས་ཀྱི་མི་མང་གི་རེ་འདུན་ཡིན་པ་ཁུངས་བསྐྱལ་ཡོད་པ་རེད་ཅེས་དང་འབྲེལ་ལམ་དེས་མངའ་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོབ་གནང་རྒྱུར་ཕན་ཐོགས་བྱུང་ཡོད་སྐོར་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད།

སྤྱི་བསྒྲགས་དེའི་ནང་ང་ཚོས་བྱང་ཀོ་རི་ཡ་དང་མཉམ་འབྲེལ་གནང་རྒྱུའི་འདུན་པ་ཡོད་པ་དང་ཕྱོགས་ཕན་ཚུན་བར་མཛའ་འབྲེལ་དང་མཐུན་འབྲེལ་གྱི་ལས་དོན་དེ་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་སྐོར་གསུང་འདུག གོང་ཞུས་རྒྱ་གཞུང་གི་སྤྱི་བསྒྲགས་དེ་ཡུལ་གཉིས་བར་ཕྱི་འབྲེལ་འགོ་འཛུགས་བྱས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྐབས་སྤྱི་བསྒྲགས་དེ་སྤེལ་ཡོད་པ་དང་རྒྱ་ནག་གི་སྲིད་བློན་ལྦན་ཇ་པའོ་བྱང་ཀོ་རི་ཡའི་ནང་རྒྱལ་དོན་འཚམས་གཟིགས་ཆེད་ཕེབས་པའི་ཉིན་གཉིས་པ་ཉིན་དེར་སྤྱི་བསྒྲགས་དེ་སྤེལ་ཡོད་པ་རེད།

ཡིན་ནའང་ལྦན་ཡི་ད་ཐེངས་ཀྱི་བྱང་ཀོ་རི་ཡའི་རྒྱལ་དོན་འཚམས་གཟིགས་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་མཚམས་འཇོག་ཆེད་འཛུགས་པའི་ཡུལ་ཁག་དྲུག་གི་ཚོགས་འདུ་དེར་བསྐྱར་ཞུགས་ཞུ་བསྐུལ་ཆེད་བསྐྱོད་ཀྱང་གནད་དོན་དེའི་སྐོར་སྤྱི་བསྒྲགས་དེའི་ནང་གང་ཡང་བཀོད་མེད་པ་རེད།

སྤྱི་བསྒྲགས་དེའི་ནང་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་ཡིས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་ལམ་དེ་ཐུ་མོང་གི་སྤྱི་ནོར་ཞིག་ལ་ངོས་འཛིན་བྱེད་དགོས་སྐོར་བརྗོད་པ་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད། ཡང་ཀིམ་ཇོང་ཨིལ་ཡུལ་གཉིས་བར་མཐུན་འབྲེལ་ས་བརྟན་བཟོ་རྒྱུ་དེ་བྱང་ཀོ་རི་ཡའི་གཞུང་གི་དུས་རྟག་ཏུ་འཛིན་པའི་སྲིད་བྱུས་ཤིག་དང་ཡུལ་གཉིས་ཀྱིས་མངའ་ཁུལ་དང་འཛམ་གླིང་གི་ཞི་བདེའི་ཆེད་རླབས་ཆེན་གྱི་ཞབས་འདེགས་ཞུས་ཡོད་སྐོར་ཧམ་བཤད་བྱས་ཡོད་པ་རེད། ད་ཐེངས་ཀྱི་རྒྱ་ནག་གི་སྲིད་བློན་ལྦན་གྱི་བྱང་ཀོ་རི་ཡའི་གཟིགས་བསྐོར་འདིའི་སྐབས་བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་ལྷན་ཚོགས་དེའི་ནང་བསྐྱར་ཞུགས་ཐུབ་པ་གནང་རྒྱུའི་ལས་དོན་དེ་དལྟའི་འཆར་གཏན་འཁེལ་གང་ཡང་བྱུང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎