ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས།

ཉི་ཧོང་དང་རྒྱ་ནག་གི་དཔོན་རིགས་མཇལ་འཛོམས་ཀྱིས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་འབད་བརྩོན་བྱ་རྒྱུའི་ཁས་ལེན།

2010.10.05

༄༅༎བར་ལམ་ལོ་ཤས་ནང་ཉི་ཧོང་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་ཇི་སྡུག་ཏུ་ཕྱིན་པའི་རྗེས། ད་རེས་ཉི་ཧོང་དང་རྒྱ་ནག་གི་དཔོན་རིགས་སྦེལ་ཇེམ་གྱི་རྒྱལ་ས་སྦར་སེལ་སི་དུ་མཇལ་འཛོམས་ཀྱིས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

དེ་ཡང་སྦེལ་ཇེམ་གྱི་རྒྱལ་ས་སྦར་སེལ་སི་དུ་ཚོགས་པའི་ཨེ་ཤི་ཡ་དང་ཡོ་རོབ་ཀྱི་ལྷན་ཚོགས་ཟུར་དུ་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གཉིས་གྲོས་མོལ་བྱུང་བ་དེ་ནི། ཉེ་ཆར་ཟླ་བ་གཅིག་གི་གོང་དེར་ཕྱོགས་གཉིས་བར་བདག་དབང་གི་རྩོད་གཞི་ཡོད་པའི་རྒྱ་མཚོའི་ཐོག་གྲུ་གཟིངས་ཀྱི་དོན་རྐྱེན་འཕྲད་པའི་དཀའ་རྙོག་དེ་ཡིས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དེ་ཡར་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་བ་ཡིན་ཞིང༌། གནས་ཚུལ་བྱུང་རིམ་ནི། ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་༨ཉིན་ཤར་རྒྱ་ནག་གི་རྒྱ་མཚོའི་ནང་དུ་ཡོད་པའི་རྒྱ་ནག་དང་ཉི་ཧོང་བར་ལ་བདག་དབང་གི་རྩོད་གཞི་ཅན་གྱི་གླིང་ཕྲན་གི་ཉེ་འཁྲིས་སུ་རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་ཤིག་གིས་ཉི་ཧོང་གི་མྱུལ་ཞིབ་དམག་གྲུ་གཉིས་དང་གདོང་ཐུག་བྱས་པའི་རྗེས། ཉི་ཧོང་གཞུང་གིས་རྒྱ་ནག་གི་ཉ་འཛིན་གྲུ་དཔོན་འཛིན་བཟུང་བྱས་པའི་དོན་རྐྱེན་དེ་ཡིས་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོས་ཕྱི་ཟླ་བཅུ་པའི་ཚེས་༤བར་རྒྱ་ནག་ཕྱོགས་ནས་ཉི་ཧོང་གི་ཆེས་མཐོའི་དཔོན་རིགས་དང་མཇལ་འཕྲད་ཀྱི་འབྲེལ་ལམ་མཚམས་འཇོགས་བྱས་ཡོད་པ་རེད། ཕྱི་ཟླ་བཅུ་པའི་ཚེས་༤ཉིན་ལྦེན་ཅ་བའོ་ཡིས་ཉི་ཧོང་གི་སྲིད་བློན་དང་མཇལ་འཛོམས་གྲོས་མོལ་བྱས་པ་དེ་ཉེ་ཆར་ཡུལ་གྲུ་གཉིས་བར་གྲུ་གཟིངས་ཀྱི་དོན་རྐྱེན་བྱུང་བའི་རྗེས་ཉི་ཧོང་གི་དཔོན་རིགས་དང་མཇལ་འཕྲད་བྱས་པ་ཐེངས་དང་པོ་ཡིན་པ་དང། གནད་དོན་དེའི་ཐད་ལ་ཉི་ཧོང་གི་ཕྱི་འབྲེལ་ལས་ཁང་གི་དཔོན་རིགས་ཤིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། དབུ་ཁྲིད་གཉིས་བར་ལ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་མོས་མཐུན་བྱུང་སོང་ཞེས་གསུང་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཀྱང་དབུ་ཁྲིད་རྣམ་གཉིས་ད་རེས་ཨེ་ཤི་ཡ་དང་ཡོ་རོབ་ཀྱི་ལྷན་ཚོགས་ཀྱི་ཟུར་དུ་མཇལ་འཛོམས་བྱུང་བ་དང་དུས་ཚོད་རན་པ་ཞིག་ལ་ཕྱོགས་གཉིས་པོའི་ཆེས་མཐོའི་དཔོན་རིགས་གྲོས་མོལ་བྱ་རྒྱུའི་མོས་མཐུན་ཡང་བྱུང་བའི་གནས་ཚུལ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎