རྒྱ་ནག་ནང་ངལ་རྩོལ་བའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཞིག་འཛིན་བཟུང་བཀག་ཉར་བྱས་འདུག

2021.09.02
རྒྱ་ནག་ནང་ངལ་རྩོལ་བའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཞིག་འཛིན་བཟུང་བཀག་ཉར་བྱས་འདུག རྒྱ་ནག་ནང་གི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་ཀྲིའུ་ཞོ་ཡོན་(Zhou Xiaoyun)
དྲ་བཤུས།

རྒྱ་ནག་ནང་གི་ཐོབ་ཐང་དོན་དོན་གཉེར་བའི་ཁྲིམས་རྩོད་པ་ཞིག་རྒྱ་ནག་གི་ཉེན་རྟོག་པས་གསང་སྟབས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ནས་ཟླ་དྲུག་འགོར་འདུག
འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་གི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་ཀྲིའུ་ཞོ་ཡོན་(Zhou Xiaoyun)་གྱིས་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་རྐྱེན། སྤྱི་ཚོགས་དཀྲོག་རྐྱེན་དང་ཟིང་ཟིང་བཟོས་པའི་ཉེས་མིང་འོག་རྒྱ་ནག་ལེའུ་ཉིན་ཞིང་ཆེན་ནས་གསང་སྟབས་ཀྱིས་ཟླ་ངོ་དྲུག་ཙམ་གྱི་སྔོན་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག
ད་ཆ་ཟླ་ངོ་དྲུག་འདས་ཚར་ཡང་ཁོང་ལ་སྤྱི་ཚོགས་དཀྲོག་རྐྱེན་བཟོས་བའི་ཉེས་མིང་བཙུགས་ནས་མུ་མཐུད་དུ་བཀག་ཉར་བྱེད་སྲིད་པ་གྱོད་དོན་དང་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད།
ཡང་ཀྲིའུ་ཞོ་ཡོན་གྱི་ལས་རོགས་ལེའུ་ཟེར་བ་ཞིག་གིས། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་ན། ཀྲིའུ་ཞོ་ཡོན་གྱིས་ས་གནས་ཉེན་རྟོག་པ་དང་ཞིབ་དཔྱོད་མི་སྣས་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པར་སྐྱོན་འཛུགས་བྱས་པའི་ཉེར་ལེན་གྱིས་ཉེན་རྟོག་ལས་ཁུངས་དང་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་གཉིས་ཀྱིས་ཁོང་དམིགས་འབེན་དུ་བཟུང་ནས་འཛིན་བཟུང་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད་འདུག
གོང་གི་ཀྲིའུ་ཞོ་ཡོན་ནི་གསར་འགོད་པ་ཞིག་ཡིན་ན་ཡང་རྗེས་སུ་རྒྱ་ནག་ནང་གི་ངལ་རྩོལ་བའི་ཐོབ་ཐང་དོན་དོན་གཉེར་བའི་ཁྲིམས་རྩོད་པའི་ལས་ཀ་བྱས་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎