ཝེཎི་ཛོའེ་ལའི་སྲིད་འཛིན་གྱིས་བོད་མིའི་འཐབ་རྩོད་ལ་སྐྱོན་བརྗོད་བྱས་པ།
2008.05.10
༄༅༎ཝེཎི་ཛོའེ་ལ་ཡི་སྲིད་འཛིན་ཧུ་གོ་ཤ་ཝེཛེ་ཡིས་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྔ་རོལ་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་དེར་སྐྱོན་བརྗོད་བྱས་འདུག
སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་ ཧུ་གོ་ཤ་ཝེཛེ་ཡིས་ རྒྱ་ནག་ནང་ཨོ་ལིམ་པིཀ་རྩེད་འགྲན་ལ་བར་ཆད་གཏང་རྒྱུ་དང་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ལ་རྒྱབ་བསྐྱོར་བྱས་མཁན་ཨ་མི་རི་ཀ་ཡིན་ལུགས་སྐྱོན་བརྗོད་བྱས་ལུགས་ ཀེ་ར་ཀ་སེ་ ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གཞུང་གིས་བོད་ནང་གྱེན་ལོག་པས་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་གི་ཐབས་ཤེས་གནང་བཞིན་པ་དེར་རྒྱབ་བསྐྱོར་ཡོད་ཅེས་ཧུ་གོ་ཤ་ཝེཛེ་ཡིས་རེས་གཟའ་པ་སངས་ཉིན་རྒྱ་ནག་སྲིད་བློན་གཞོན་པ་ ཧུའི་ལིའང་ཧུ་ དང་མཇལ་འཕྲད་གནང་བའི་རྗེས་སུ་གཏམ་བཤད་གནང་ཡོད་འདུག།