དབྱིན་ཇིའི་མངའ་འོག་ཏུ་ཚུད་མྱོང་བའི་རྒྱལ་ཁབ་ཀྱི་རྩེད་འགྲན།

དེ་སྔ་དབྱིན་ཇིའི་མངའ་འོག་ཏུ་ཚུད་པའི་ཡུལ་ཁག་གི་རྩེད་འགྲན་དེ་རྒྱ་གར་ནང་དུས་ཐོག་གྲ་སྒྲིག་ཐུབ་བཟོ་མིན་གྱི་སྐོར་གནས་ཚུལ།

2009.09.14

༄༅༎དེ་སྔ་དབྱིན་ཇིའི་མངའ་འོག་ཏུ་ཚུད་པའི་ཡུལ་ཁག་གི་རྩེད་འགྲན་དེ་རྒྱ་གར་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོར་བསྐོངས་ཚོགས་གནང་རྒྱུ་དེ་དུས་ཐོག་གྲ་སྒྲིག་ཐུབ་བཟོ་མིན་སྐོར་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོས་གསུངས་ཡོད་པ་རེད། དེ་ཡང་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁཱལ་ཕེ་ནལ་ཡིས་རྒྱ་གར་གྱི་རྩེད་འགྲན་དེ་གོ་སྒྲིག་གནང་མཁན་ཚོགས་པར་ཕྱག་བྲིས་ཤིག་ཕུལ་བའི་ནང་ད་ལྟའི་གནས་སྟངས་ལ་གཞིགས་ན་ཕྱི་ལོ་ཉིས་སྟོང་བཅུ་ལོའི་རྩེད་འགྲན་དེ་ཚོགས་མི་ཐུབ་པའི་ཉེན་ཁ་འདུག་ཅེས་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད། ཡང་ཁོང་གིས་གནད་དོན་དེའི་ཐད་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་མཇལ་འཕྲད་གནང་ནས་རྩེད་འགྲན་དེ་དུས་ཐོག་ཚོགས་གནང་རྒྱུར་ལག་ལེན་ཇི་འགབ་བཀའ་མོལ་ཞུ་རྩིས་ཡོད་སྐོར་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད། སྐུ་ཞབས་ཕེ་ནལ་ཡིས་རྩེད་འགྲན་དེ་རྒྱ་གར་གྱི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་སུ་རེཤ་ཀལ་མ་རྡི་ཡིས་འགོ་འཁྲིད་པའི་ཚོགས་ཆུང་དེས་གོ་སྒྲིག་གནང་གི་ཡོད་པ་དང་ཚོགས་ཆུང་དེའི་ཕན་ཚུན་འབྲེལ་འཐུད་ཀྱི་ལས་དོན་བྱེད་ཕྱོགས་དེ་འཐུས་ཀ་ཚང་བ་ཞིག་གནང་གི་མེད་སྐོར་གསུངས་འདུག ཡང་གོང་ཞུས་ཀྱི་རྩེད་འགྲན་དེ་དུས་ཐོག་གོ་སྒྲིག་གནང་ཐུབ་མིན་ཐོག་རྒྱ་གར་གཞུང་གིས་ཟླ་བ་སྔོན་མ་དེར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྩེད་འགྲན་ཚོགས་ཡུལ་གྲངས་བཅུ་དགུ་ནས་ཚོགས་ཡུལ་བཅུ་བཞི་ཡི་གྲ་སྒྲིག་དེ་དུས་ཐོག་གྲ་སྒྲིག་ཐུབ་མེད་པ་དང་ཚོགས་ཡུལ་གྲོང་ཁྱེར་ལྡི་ལིའི་རྒྱ་ལམ་ཁག་ཀྱང་དུས་ཐོག་གྲ་སྒྲིག་ཐུབ་ཚོད་མེད་པའི་སྙན་ཐོ་བཏོན་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་རྩེད་འགྲན་དེ་གོ་སྒྲིག་གནང་མཁན་ཚོགས་ཆུང་གི་དངུལ་གཉེར་སྐུ་ཞབས་ཨེ་ཀེ་མ་ཏུ་ཡིས་ཕྱི་ལོ་ཉིས་སྟོང་བཅུ་ཡི་རྩེད་འགྲན་དེ་ལམ་ལྷོང་ལྡན་པ་ཞིག་ཚོགས་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག རྒྱ་གར་གྱིས་ཕྱི་ལོ་༡༩༨༢ལོར་ཨེ་ཤེ་ཡའི་རྩེད་འགྲན་དེ་གོ་སྒྲིག་གནང་རྗེས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་རྩེད་འགྲན་དེ་གཞི་རྒྱ་ཆེ་བའི་རྩེད་འགྲན་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་དེར་རྒྱལ་ཁབ་དང་ས་ཁུལ་གྲངས་༧༡མཉམ་ཞུགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎