བོད་རྒྱ་འབྲེལ་མོལ་མཇུག་སྐྱོང་གནང་རྒྱུའི་ཁས་ལེན།
2012.03.11
༄༅།།བོད་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་དུས་དྲན་མཛད་་སྒོའི་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་འབྲེལ་གྱི་ལམ་དུ་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་འདུག
བཀལ་བློན་ཁྲི་པའི་བོད་མི་རང་དབང་སྒེར་ལངས་དུས་དྲན་ཐོག་མར་གནང་བའི་གསུང་བཤད་ཐོག་མའི་ནང་ བཀའ་ཁྲི་མཆོག་གིས་བོད་ཀྱི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་་དང་།བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཞིས་བཞུགས་སྤན་ཟླ་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཞུ་དགོས་ལུགས་སྐུལ་དེད་གནང་བ་ཆབས་ཅིག བོད་ཀྱི་རང་དབང་སླར་གསོ་དང་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་གྱི་གནས་ཚད་གོང་མཐོར་གཏོང་སྤེལ་རྒྱུར་འབད་བསྟོན་བྱ་དགོས་པ།ལྷག་དོན་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་སྤྲད་པའི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆའི་ནང་དོན་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིང་སྲིད་གཞུང་གིས་ངོས་ལེན་བྱེད་དགོས་པར་བསྐྱར་བསྐུལ་དང་སྦྲགས ། རྒྱ་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་ལ་གྲུབ་འབྲས་མ་བྱུང་བ་ངོས་འཛིན་དགོས་སྐོར་འདི་ལྟར་གསུངས་གནང་འདུག།