རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་གཉིས་ལ་དངོས་སུ་ཁྲིམས་ཐག་བཅད་འདུག

2023.04.10
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་གཉིས་ལ་དངོས་སུ་ཁྲིམས་ཐག་བཅད་འདུག ཐོབ་ཐང་ལས་འགུལ་བ་(Xu Zhiyong)་དང་ཁྲིམས་རྩོད་པ་(Ding Jiaxi)་གཉིས།
@China Human Rights Defenders

དེ་ཡང་རོཡེ་ཊར་གསར་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་ཧྲན་ཏུང་ཞིང་ཆེན་ལིན་ཧྥུའུ་རྫོང་གི་ཁྲིམས་ཁང་ཞིག་གིས་འདི་ཚེས་༡༠གཟའ་ཟླ་བའི་ཉིན། སྲིད་དབང་མགོ་རྟིང་སློག་ཐབས་བྱས་བའི་ཉེས་མིང་འོག་མི་སེར་གྱི་ཐོབ་ཐང་ལས་འགུལ་བ་ལོ་ན་༥༠ཡིན་པའི་(Xu Zhiyong)་ལ་ལོ་ངོ་༡༤ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་།  ལོ་ན་༥༥ཡིན་པའི་ཁྲིམས་རྩོད་པ་(Ding Jiaxi)་ལ་ལོ་ངོ་༡༢ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གནས་ཚུལ་ནང་འདི་ནི་ཞི་ཅིན་ཕིན་གྱིས་ཐོབ་ཐང་ཚོགས་སྡེ་ཁག་ལ་ཡུན་རིང་ནས་རྡུང་རྡེག་གཏོང་བཞིན་པའི་ཁྲོད། ཆེས་ཉེ་དུས་ཀྱི་གནས་ཚུལ་ཆགས་ཡོད། ཁྲིམས་རྩོད་པ་ཞིའུ་དང་ཏིན་གཉིས་ནི་མི་རབས་གསར་པའི་ལས་འགུལ་ཞེས་པའི་ནང་སྐད་གྲགས་ཡོད་ཅིང་། ཁོང་གཉིས་ཀྱིས་རྒྱ་ནག་གཞུང་གི་ལས་བྱེད་ཚོའི་རྒྱུ་དངོས་ཕྱི་གསལ་ནང་གསལ་བྱེད་དགོས་ཚུལ་དང་། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བ་ལྟར། སོ་སོའི་མི་སེར་གྱིས་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་དགོས་འདུན་བཏོན་ཡོད། ཏིན་གྱི་བཟའ་ཟླ་ལིག་ཧྲིན་ཁྲོང་ཨ་རིའི་ནང་གནས་སྡོད་བྱེད་ཀྱི་ཡོད་པས་ཁོ་མོས་གྱོད་དོན་དེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་དཔོན་རིགས་ལ་ཡར་ཞུ་བྱས་ཡོད་པ་དང་། ཁོ་མོའི་ཁྱོ་ཀས་མི་སེར་གྱི་ཐོབ་ཐང་ཆེད་ལས་འགུལ་སྤེལ་བར་བརྟེན་འཛིན་བཟུང་བྱས་བ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་དེའི་སྐོར་གྱི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་ཅེས་བརྗོད་འདུག་ལ། རྒྱ་ནག་གི་ཁྲིམས་ཁང་དང་ཁྲིམས་འཛིན་ལྷན་ཁང་ནས་ཀྱང་རོཡེ་ཊར་གསར་ཁང་གི་དྲི་བར་ལན་འདེབས་གང་ཡང་བྱས་མི་འདུག
གོང་དུ་བརྗོད་པའི་ཐོབ་ཐང་ཁྲིམས་རྩོད་པ་ཁོང་གཉིས་༢༠༡༩ལོའི་ཟླ་༡༢ནང་རྒྱ་ནག་ལྷོ་རྒྱུད་དུ་ཁྲིམས་རྩོད་པ་དང་དོན་གཉེར་བ་མི་གྲངས་༢༠ མཉམ་དུ་འདུ་འཛོམས་བྱས་པར་བསྙད་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས། དུས་ཡུན་ལོ་གསུམ་ལྷག་གི་རིང་བཀག་ཉར་བྱས་མཐར་ད་ཆ་དངོས་སུ་ཁྲིམས་ཐག་བཅད་པ་ཡིན་འདུག


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎