རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་སྐོར།
2012.05.29
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་གར་གྱི་ས་ཁུལ་ཁག་ནང་ཡོད་པའི་བོད་པའི་སློབ་གྲ་ཁག་ནས་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་གཏོང་མཁན་ཁོངས་ནས་སློབ་ཕྲུག་བརྒྱ་ཆ་༩༠་ལྷག་ཡིག་རྒྱུགས་འཕྲོད་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ཀྱི་ངོས་ནས། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་དུ་བོད་པའི་སློབ་ཕྲུག་བརྒྱ་ཆ་༩༡ དང་གྲངས་ཆུང་༥༢ ཡིག་རྒྱུགས་འཕྲོད་པ་དེ་ནི། ན་ནིང་ལོའི་ཡིག་རྒྱུགས་འཕྲོད་མཁན་གྱི་བརྒྱ་ཆ་ལས་མང་བ་བྱུང་བར་ངོས་འཛིན་གནང་ཡོད་ཅིང༌། དེ་ཡང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་རྒྱལ་མཚན་ལགས་ཀྱིས་ཕ་ཡུལ་གསར་འགོད་པར་གསུང་དོན། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ལྔ་ཡི་སློབ་མ་ཆིག་སྟོང་ཉིས་བརྒྱ་བརྒྱ་བཅུ་རྒྱ་དྲུག་མཉམ་ཞུགས་བྱས་པའི་ཁོངས་ནས་སློབ་མ་ཆིག་སྟོང་བརྒྱ་དང་དོན་ཅུ་དོན་བདུན་ཡིག་རྒྱུགས་འཕྲོད་ཡོད་པར་བརྟེན་ནས། ན་ནིང་ལོའི་འཛིམ་རིམ་བཅིུས་ཀྱི་ཡིག་རྒྱུགས་ནང་ཞུགས་པའི་བོད་པའི་སློབ་མ་ཚོའི་སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ལས་འདི་ལོ་བརྒྱ་ཆ་༡ ལྷག་གིས་མང་བ་བྱུང་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་མ་ཟད། འདི་ལོའི་ཡིག་རྒྱུགས་ཆེན་མོ་དེའི་ནང་སློབ་ཚན་བྱེ་བྲག་གི་ཡིག་རྒྱུགས་ཀྱང་ཧ་ཅང་གི་བརྒྱ་ཆ་མཐོ་པོ་ཐོབ་ཡོད་པ་ནི། རྒྱ་གར་གྱི་སེ་ལ་ཀུ་ས་གནས་སུ་ཡོད་པའི་རྡ་ས་བོད་ཁྱིམ་སློབ་གྲའི་ཡན་ལག་སློབ་གྲའི་སློབ་མ་བསྟན་འཛིན་ཟླ་བ་ལགས་ཀྱིས་ཚན་རིག་ཡིག་རྒྱུགས་ཀྱི་བརྒྱ་ཆ་༩༠ དང་གྲངས་ཆུང་༤ ལེན་ཏེ། ཚན་རིག་བརྒྱ་ཆ་མཐོ་ཤོས་ཡིན་པ་དང༌། མ་སུ་རི་བོད་ཁྱིམ་སློབ་གྲའི་སློབ་མ་ཡེ་ཤེས་ཟླ་བ་ལགས་ཀྱིས་སྤྱི་ཚོགས་ཚན་རིག་ཀྱི་ཡིག་རྒྱུགས་ཀྱི་བརྒྱ་ཆ་༨༦ དང་གྲངས་ཆུང་༨ ལེན་ཏེ། སྤྱི་ཚོགས་ཚན་རིག་ཀྱི་ཡིག་ཚད་བརྒྱ་ཆ་མཐོ་ཤོས་དང༌། དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊའི་བོད་མི་གཞིས་ཆགས་སུ་ཡོད་པའི་ཤེས་རིག་ལས་ཁུངས་ཀྱི་སློབ་གྲའི་སློབ་མ་ལྷག་པ་སྒྲོལ་མ་ལགས་སུ་ཚོང་ལས་ཀྱི་ཡིག་རྒྱུགས་བརྒྱ་༩༡ དང་གྲངས་ཆུང་༨ ཡིན་པ་དེས་ ཚོང་ལས་ཡིག་ཚད་བརྒྱ་ཆ་མཐོ་ཤོས་ཐོབ་ཡོད་པ་རེད།