རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་གི་སྤྱི་ཁྱབ་གཉིས་ཐུག་འཕྲད།


2019.11.05
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་གི་སྤྱི་ཁྱབ་པ་གཉིས་ཐུག་འཕྲད་སྐབས། ༢༠༡༩།༡༡།༥ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་གི་སྤྱི་ཁྱབ་པ་གཉིས་ཐུག་འཕྲད་སྐབས། ༢༠༡༩།༡༡།༥
Reuters

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན(Carrie Lam)་དང་ཧྲང་ཧེ་ནས་ཐུག་འཕྲད་བྱས་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སྤྱི་ཟླ་༡༡་ཚེས་༤་ཉིན་གྱི་དགོང་མོར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་ཚོགས་བཞིན་པའི་སྐབས་གཉིས་པའི་རྒྱལ་སྤྱིའི་ཚོང་ཟོག་ནང་འདྲེན་འགྲེམས་སྟོན་ཚོགས་འདུའི་ཐོག་སླེབས་པའི་ཧོང་ཀོང་གི་སྤྱི་ཁྱབ་པ་(Carrie Lam)་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་ཁོ་མོའི་ལས་དོན་ལ་གདེང་འཇོག་དང་བཅས་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད། འདི་ནི་ཧོང་ཀོང་ས་གནས་གཞུང་གིས་དོགས་ཡོད་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་བཟོ་བཅོས་བྱ་འཆར་ལ་ཧོང་ཀོང་ནང་འདས་པའི་ཟླ་བ་ལྔ་ཙམ་རིང་མི་མང་གིས་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་གནས་ཚུལ་བྱུང་བཞིན་པའི་སྐབས། རྒྱ་ནག་གི་སྲིད་འཛིན་གྱིས་ཧོང་ཀོང་གི་སྤྱི་ཁྱབ་པར་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཡིན་ཞིང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐུག་འཕྲད་དེའི་སྐབས་རྒྱ་ནག་གི་སྤྱི་བདེའི་ཉེན་རྟོག་ལྷན་ཁང་གི་འགན་འཛིན་(Zhao Kezhi)་ཡང་མཉམ་ཞུགས་བྱས་ལུགས་བཀོད་ཡོད་པ་ལས། ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་དཔོན་རིགས་མཉམ་ཞུགས་བྱས་མིན་བཀོད་སྤེལ་བྱས་མི་འདུག
ཞི་ཅིན་ཕིང་གིས། ད་ལྟའི་དུས་སྐབས་འདིར་ཧོང་ཀོང་ལ་མཚོན་ན། འཚེ་བའི་བྱ་འགུལ་རྣམས་མཚམས་འཇོག་གིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་བསྐྱར་གསོ་ཡོང་རྒྱུ་དེ་ཡིན་སྐོར་དང་། འཚེ་བའི་བྱ་འགུལ་སྤེལ་མཁན་ཚོར་ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་ཚ་ནན་བཏང་སྟེ། ཧོང་ཀོང་ནང་གི་མི་དམངས་དཀྱུས་མའི་བདེ་སྡུག་སྲུང་སྐྱོབ་བྱ་དགོས་སྐོར་གསུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎