བོད་པའི་སློབ་ཕྲུག་རྣམས་ལ་རང་དབང་ཐོག་ནས་རང་གི་ཆོས་དང་རིག་གཞུང་ལག་བསྟར་བྱེད་དུ་འཇུག་དགོས།

2023.10.31
བོད་པའི་སློབ་ཕྲུག་རྣམས་ལ་རང་དབང་ཐོག་ནས་རང་གི་ཆོས་དང་རིག་གཞུང་ལག་བསྟར་བྱེད་དུ་འཇུག་དགོས།
སྒྲིག་བཟོ།

ཕྱི་ཟླ་༡༠ ཚེས་༣༠ ཉིན་ཁེ་ཎ་ཌའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལྷན་ཁང་གིས་རང་གི་སྤྱི་ཚོགས་དྲ་རྒྱ་X བརྒྱུད་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་མང་པོ་རང་གི་ཕ་མ་སྤུན་མཆེད་སར་ནས་བཙན་ཤེད་ཀྱིས་ཁ་བྲལ་བཏང་སྟེ་གཏན་འཇགས་སློབ་གྲྭ་ཁག་ནང་བཏང་དང་གཏོང་བཞིན་པ་ཁག་འཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག དེའི་ནང་། དེ་སྔ་ལོ་བརྒྱ་ཕྲག་ཕྱེད་ཀ་ལྷག་རིང་ཁེ་ཎ་ཌ་རང་ཉིད་ཀྱི་ཡུལ་དེའི་གདོད་མའི་མི་རིགས་ཀྱི་ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་འཇགས་སློབ་གྲྭ་ཁག་ནང་བཅུག་པ་དང་དེང་སྐབས་ལམ་ལུགས་དེ་ནི་མི་རིགས་ངོ་བོ་མེད་པར་བཟོ་རྒྱུའི་སྲིད་ཇུས་ནོར་འཁྲུལ་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  སྲིད་ཇུས་དེ་ཡིས་གནོད་སྐྱོན་ཚབས་ཆེ་བཟོས་ཡོད་པས། སྤྱི་ཚོགས་ནང་དེ་མུ་མཐུད་ལག་བསྟར་བྱེད་ཐབས་མེད་ཅེས་བཀོད་གནང་འདུག ཡང་ཁེ་ཎ་ཌས་དེ་སྔོན་ནོར་འཁྲུལ་བཟོས་པ་དེ་གཞན་ཚོས་མི་བཟོ་རྒྱུའི་སླད་དུ་ཁེ་ཎ་ཌའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་མཉམ་འདུས་ལྷན་ཁང་གིས་རྒྱ་ནག་གཞུང་ནས་བོད་པའི་ཕྲུ་གུ་ཚོར་བཙན་ཤེད་ཀྱིས་གཏན་འཇགས་སློབ་གྲྭ་ཁག་ནང་འཇུག་རྒྱུ་ལག་ལེན་བསྟར་བཞིན་པ་དེ་མཚམས་འཇོག་དགོས་སྐོར་འབོད་སྐུལ་ཞུ་ཡི་ཡོད་ཅེས་དང་།  བོད་པའི་སློབ་ཕྲུག་རྣམས་ལ་རང་དབང་ཐོག་ནས་རང་གི་རྒྱལ་རབས་ལོ་རྒྱུས་དང་། སྐད་ཡིག ཆོས་དང་རིག་གཞུང་བཅས་པ་དགའ་པོའི་སྒོ་ནས་སློབ་གཉེར་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་ཡང་བཀོད་གནང་འདུག།

གསར་འགོད་པ། སེངྒེ་རི་བསོད་རྣམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎