ཀམ་པོ་ཌིཡ་གཞུང་གིས་ལྦི་གུར་མི་གྲངས་༢༢ཕྱིར་འབུད་བྱ་རྒྱུ།

ཀམ་པོ་ཌི་ཡ་གཞུང་གིས་ལྦི་གུར་སྐྱབས་བཅོལ་བ་མི་གྲངས་ཉི་ཤུ་རྩ་གཉིས་རྒྱ་ནག་ཏུ་ཕྱིར་འབུད་བྱ་འཆར་ཡོད་པ།

2009.12.19

༄༅༎ཀམ་པོ་ཌི་ཡའི་ནང་འབྱོར་ཏེ་ཡུལ་དེའི་ནང་སྲིད་དོན་སྐྱབས་བཅོལ་ཞུ་མཁན་ཝི་གུར་མི་གྲངས་ཉི་ཤུ་རྩ་གཉིས་ཡོད་པ་དེ་དག་ཀམ་པུ་ཌི་ཡ་ནས་ཕལ་ཆེར་རྒྱ་ནག་ཏུ་ཕྱིར་སློག་གཏང་རྒྱུ་ཡིན་པ་གཟའ་སྤེན་པའི་ཉིན་ཀམ་པོ་ཌི་ཡའི་གཞུང་གི་མགྲིན་ཚབ་པ་ཞིག་གིས་བརྗོད་འདུག
དེ་ཡང་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀོཡེ་ཀུང་གིས་ཝི་གུར་མི་གྲངས་ཉི་ཤུ་ཐམ་པ་ཀམ་པོ་ཌི་ཡའི་ནང་ཁྲིམས་འགལ་གྱི་ཐོག་ནས་འཛུལ་ཡོད་པ་བརྗོད་པ་དང་། མི་གཉིས་གར་སོང་ཆར་མེད་དུ་སོང་ཡོད་པ་འགྲེལ་བརྗོད་བྱས་འདུག
ཨ་མི་རི་ཀ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀམ་པོ་ཌི་ཡའི་གཞུང་གིས་ཝི་གུར་མི་རིགས་དེ་དག་རྒྱ་ནག་ཏུ་ཕྱིར་སློག་གཏང་ཐབས་ཀྱི་ལས་དོན་འགོག་ཐབས་བྱེད་བཞིན་ཡོད་པ་མ་ཟད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ལྷན་ཁང་གི་མགྲིན་ཚབ་མ་ཞིག་གིས་ཀམ་པོ་ཌི་ཡའི་གཞུང་ནས་ཝི་གུར་མི་རིགས་དེ་དག་ལ་སྲིད་དོན་སྐྱབས་བཅོལ་གྱི་གནས་བབས་སྤྲོད་འོས་མཆིས་མིན་ཐད་ཀྱི་ཞིབ་འཇུག་ཀྱི་ལས་དོན་ཡོངས་སུ་ཟིན་མེད་པ་གསལ་བཤད་གནང་ཡོད་པ་རེད།
འོན་ཀྱང་ཀམ་པོ་ཌི་ཡའི་ཐོག་རྒྱ་ནག་གིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་ཅིང་།རྒྱ་ནག་གཞུང་གིས་ཝི་གུར་མི་རིགས་དེ་དག་ཁྲིམས་འགལ་ནག་ཉེས་ཅན་པ་ཡིན་པ་དང་།ཁོང་ཚོར་གསང་བའི་ཆོས་ལུགས་སྒྲིག་འཛུག་ཁག་གཅིག་གིས་རོགས་བྱས་ཏེཀམ་པོ་ཌི་ཡའི་ནང་ཁྲིམས་འགལ་གྱི་ཐོག་ནས་སླེབས་ཚུལ་བརྗོད་བཞིན་ཡོད་པ་རེད།ཀམ་པོ་ཌི་ཡའི་གཞུང་ནས་ཁོང་ཚོ་ཕྱིར་སློག་གཏང་རྒྱུའི་ཐག་གཅོད་དེ་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇི་པིང་ཀམ་པོ་ཌི་ཡར་མ་འབྱོར་སྔོན་བྱས་དགོས་ཆགས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ཀམ་པོ་ཌི་ཡའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དམག་སྤྱི་ཆེའུ་སོཔ་ཧིཀ་གྱིས་ཝི་གུར་མི་རིགས་དེ་དག་གཟའ་འཁོར་འདིའི་ནང་ཚུད་ཕྱིར་འབུད་གཏངརྒྱུ་ཡིན་པ་བརྗོད་པ་དང་སྦྲགས།ཁོང་ཚོ་ས་གནས་གང་ཞིག་ཏུ་ཕྱིར་འབུད་གཏང་མིན་བརྗོད་མ་ཐུབ་ཀྱང ཕལ་ཆེར་ཁོང་ཚོ་ཡོང་ས་རྒྱ་ནག་རང་དུ་ཕྱིར་སློག་གཏང་སྲིད་པ་རེད་ཅེས་བརྗོད་འདུག
ད་བར་ཝི་གུར་མི་རིགས་དེ་དག་ཀམ་པོ་ཌི་ཡའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟུང་འབྲེལ་བལྟ་རྟོག་འོག་གནས་ཡོད་ཀྱང་།ད་ཆ་ཁོང་ཚོ་ཀམ་པོ་ཌི་ཡའི་གཞུང་ཁོ་ནའི་བལྟ་རྟོག་ཡོད་འདུག


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎