རྒྱ་ནག་ཏུ་མོ་ཌ་བདལ་གླ་གཏོང་མཁན་གྱིས་་ངོ་རྒོལ།

རྒྱ་ནག་ནང་མོ་ཊ་བདལ་་གླ་གཏོང་མཁན་བརྒྱ་ཕྲག་འདུ་འཛོམས་ཀྱིས་མོ་ཊའི་སྣུམ་གྱི་རིན་གོང་འཕར་བ་ལ་སོགས་པར་ངོ་རྒོལ་གྱི་ལས་འགུལ།

2011.08.09

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་སླར་ཡང་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་གྱི་མོ་ཊ་བདལ་་གླ་གཏོང་མཁན་བརྒྱ་ཕྲག་འདུ་འཛོམས་ཀྱིས་མོ་ཊའི་སྣུམ་གྱི་རིན་གོང་འཕར་བ་དང་གླ་ཕོགས་ཉུང་ཉུང་ལས་མི་ཐོབ་པའི་གནད་དོན་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ཉེ་ཆར་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲུའུ་གྲོང་ཁྱེར་གྱི་རྒྱ་ལམ་ཐོག་མོ་ཊ་གཏོང་མཁན་ཁ་ལོ་བ་ཆིག་སྟོང་ལྔ་བརྒྱ་ཙམ་གྱིས་གནད་དོན་དེ་གཉིས་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཉིན་མ་འགའ་ཤས་ཕྱིན་པའི་རྗེས། དེ་རིང་སླར་ཡང་ཞིང་ཆེན་དེའི་ཅ་ཤིན་གྲོང་ཁྱེར་ནང་གི་ས་ཁུལ་ཁག་གཉིས་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང༌། དེ་རིང་ངོ་རྒོལ་བྱེད་མཁན་མོ་ཊའི་ཁ་ལོ་བ་ཉིས་བརྒྱ་ལྷག་ཀྲེ་ཅང་ཞིང་ཆེན་གྱི་ཅ་ཤིན་ནང་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང༌། མོ་ཊའི་ཁ་ལོ་བ་བཅུ་གྲངས་ཤིག་གིས་ཅ་ཤིན་གྲོང་ཁྱེར་གཞུང་གི་ཉེ་འཁྲིས་སུ་་མོ་ཊ་བཀག་ཏེ་ངོ་རྒོལ་བྱས་ཡོད་པ་མ་ཟད། ཞིང་ཆེན་དེའི་ལྷོ་ཕྱོགས་ལྦེན་ཀྲུའུ་གྲོང་ཁྱེར་ནང་དུའང་མོ་ཊ་གཏོང་མཁན་བརྒྱ་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་པ་དང་ཁག་ཅིག་གིས་མོ་ཊ་ས་གནས་གཞུང་གི་ལས་ཁུངས་མདུན་དུ་བཀག་ཏེ་ངོ རྒོལ་བྱས་ཡོད་པ་རེད། མོ་ཊ་ཀྲེཀ་སི་(Taxi)བདལ་་གླ་གཏོང་མཁན་ཚོས། ངོ་རྒོལ་ལས་འགུལ་དེ་ལྟར་སྤེལ་ཏེ། ཁོང་ཚོའི་ལས་ཀའི་གླ་འབབ་མཐོ་རུ་གཏོང་དགོས་པ་དང༌། འཚོ་རྟེན་དྲག་ཏུ་གཏོང་དགོས་པ། འདས་པའི་ལོ་འགའ་ཤས་རིང་མོ་ཊའི་སྣུམ་གྱི་རིན་གོང་མཐོ་རུ་ཕྱིན་པ་དེའི་དཀའ་ངལ་སེལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎