ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་ལ་བསྔཌ་བརྗོད་ཞུས་པ།

ཨ་རིའི་སྲིད་འཛིན་སྦུཤེ་མཆོག་ནས་༸གོང་ས་མཆོག་དང་བོད་མིར་བསྔགས་བརྗོད་ཞུས་པའི་གནད་དོན་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

2008.07.15

༄༅༎ཨ་རིའི་སྲིད་འཛིན་སྦུཤེ་མཆོག་ནས་ཁ་ས་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་འཁྲིད་བློ་སྟོབས་ཅན་ཞིག་ཡིན་པར་བསྔགས་བརྗོད་ཞུས་ཡོད་པའི་གནད་དོན་དེའི་ཐོག་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་ཡོད་པ་རེད།

དེ་ཡང་ཨ་རིའི་སྲིད་འཛིན་སྦུཤེ་མཆོག་ནས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཕོ་བྲང་དུ་ཨ་རི་གཞུང་གིས་ཁྲིམས་ཐོག་ནས་ཆོས་ལུགས་རང་དབང་ལ་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་དམ་བཅའ་བཞེས་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ཉིན་གསུང་བཤད་གནང་བའི་ནང་། བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ནང་གི་བོད་མི་ཆོས་དད་པ་ཚོའི་བློ་སྟོབས་ལ་བསྔགས་བརྗོད་ཞུས་ཡོད་པ་དང་འབྲེལ་། ཁ་སྔོན་རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིང་ཐའོ་དང་ལྷན་དུ་ཉི་ཧོང་ནང་མཇལ་མོལ་གནང་བའི་སྐབས་ལ་ཡང་ ཨ་རི་གཞུང་གིས་རྒྱ་ནག་ནང་རང་དབང་གི་ཆེད་འཐབ་རྩོད་གནང་མཁན་ཚོ་དང་མཉམ་དུ་བཞེངས་ཕྱོགས་གཅིག་མཚུངས་ཡོད་པའི་སྐོར་སྲིད་འཛིན་སྦུཤེ་མཆོག་ནས་གསུང་བའི་སྐོར་ཡང་གསལ་སྟོན་གནང་ཡོད་པ་རེད། གནད་དོན་དེའི་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པའི་ལིའུ་ཅན་ཁྲའོ་ཡིས་གཟའ་མིག་དམར་ཉིན་གྱི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་འདྲི་བར་ལན་འདེབས་བྱེད་པའི་སྐབས་བརྗོད་ན། རྒྱ་ནག་ནི་ཁྲིམས་ལུགས་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ནན་བཤད་བྱ་རྒྱུ་དང་འབྲེལ་ རྒྱ་ནག་ནང་ཁྲིམས་ཐོག་ནས་ཆོས་ལུགས་རང་དབང་སོགས་སྤྱི་འབངས་ཀྱི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅིང༌། ཨ་རི་གཞུང་གིས་བོད་ཀྱི་གནད་དོན་དང་དེ་བཞིན་ཏཱ་ལའི་བླ་མའི་གནད་དོན་ཐོག་གི་རྒྱ་ནག་གི་ལངས་ཕྱོགས་མཁྱེན་གསལ་ཡིན་པས། རྒྱ་ནག་གི་ཁྲིམས་ལུགས་ཐོག་ནས་ཁྲིམས་ལུགས་དང་འགལ་བའི་མེས་རྒྱལ་ཁ་བྲལ་དང་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་ལས་དོན་རིགས་སྤེལ་ཆོག་གི་མེད་པར་བརྟེན་ནས། མི་སུ་འདྲ་ཞིག་ཡིན་ཡང་རྒྱ་ནག་གི་ཁྲིམས་ལུགས་དང་འགལ་བའི་ལས་དོན་རིགས་སྤེལ་རྒྱུར་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུ་ཡིན་པས། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎