བོད་མིའི་རང་དབང་འཐབ་རྩོད་ཀྱི་བྱེད་རིམ་སྐོར་སྦྱོང་བསྡར།

འབར་མ་ཡུལ་གྱི་སྐྱབས་བཅོལ་སློབ་ཕྲུག་དང་ལས་འགུལ་བ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ།

2011.09.22

༄༅༎འབར་མ་ཡུལ་གྱི་སྐྱབས་བཅོལ་་སློབ་ཕྲུག་དང་ལས་འགུལ་བ་ཁག་ཅིག་ནས་ བོད་མིའི་རང་དབང་འཐབ་རྩོད་ཀྱི་བྱེད་རིམ་ལ་སྦྱོང་བསྡར་དང་གོ་བཤེས་ཐུབ་རྒྱུའི་སླད་ བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་༎
བཞུགས་སྒར་ཁུལ་དུ་འབར་མའི་སློབ་ཕྲུག་ཚོས་ཟབ་སྦྱོང་དང་འབྲེལ་བའི་གཟིགས་སྐོར་འདི་བཞིན་བོད་ཀྱི་བེུད་ལྷན་ཚོགས་དང་ ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ ས་གནས་བོད་རང་སློབ་ཕྲུག་ཚོགས་པ་ དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིགས་ཞུས་ཡོད་འདུག་ དུས་ཡུན་ཉིན་གྲངས་གསུམ་རིང་གི་གཟིགས་སྐོར་འདིའི་སྐབས་ ཟབ་སྦྱོང་དུ་ཕེབས་པའི་འབར་མའི་སློབ་ཕྲུག་དང་ལས་འགུལ་བ་རྣམས་ལ་ ད་ལྟ་འགྲོ་བཞིན་པའི་སྐབས་༡༥པའི་བོད་མིའི་གྲོས་ཚོགས་ཀྱི་ཚོགས་ཐེངས་སྐབས་གཟིགས་ཞིབ་གནང་རྒྱུའི་གོ་སྐབས་དང་ གཞན་ཡང་ བཞུགས་སྒར་ཁུལ་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིགས་འཛུགས་དང་ སློབ་གྲ་ དགོན་པ་གྲ་ཚང་བཅས་སུ་གཟིགས་སྐོར་གནང་རྒྱུའི་མཛད་འཆར་གྲ་སྒྲིག་ཡོད་པ་མ་ཟད་ ཉིན་གཉིས་པའི་སྐབས་ དངོས་བྱུང་གློག་བརྙན་གཟིགས་འབུལ་དང་སྟབས་བསྟུན་ ས་གནས་ཀྱི་བོད་མི་རྣམས་དང་མཇལ་འཕྲད་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བསྐྲུན་འཆར་ཡོད་པ་རེད་  འབར་མའི་སློབ་ཕྲུག་དང་ལས་འགུལ་བའི་གཟིགས་སྐོར་གོ་སྒྲིགས་ཞུ་མཁན་གྲས་ནས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཙོན་གྲུས་ལགས་ཀྱིས་གསུངས་ན་ འབར་མའི་མི་མང་ཚོ་རྒྱལ་ཁབ་ནང་དམངས་གཙོ་རང་དབང་ཆེད་འཐབ་རྩོད་བྱེད་པ་དང་ བོད་མི་རྣམས་རང་བཙན་གྱི་འཐབ་རྩོད་བྱེད་བཞིན་ཡོད་པ་རེད་ འབར་མའི་མི་རིགས་ དང་བོད་མི་གཉིས་ཕྱོགས་ནས་རྒྱ་ནག་གི་མེ་སེར་སྤེལ་ཡུལ་རིང་ལུགས་ལ་འཐབ་རྩོད་བྱེད་ཀྱི་ཡོད་རེད་ འབར་མའི་དྲག་པོའི་གཞུང་ལ་རྒྱ་ནག་གི་རྒྱབ་རྟེན་བྱེད་ཀྱི་ཡོད་པར་བརྟེན་འབར་མ་དང་བོད་མི་གཉིས་ཀ་ རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་དབང་ཤུགས་འོག་ཚུད་པར་སོང་  ང་ཚོ་ཕན་ཚུན་དབར་མཐུན་སྒྲིལ་བྱེད་ཀྱི་ཡོད་ལ་ ཕན་ཚུན་གཉིས་ཐད་ནས་ལེགས་བྱ་ལེན་རྒྱུ་དང་རྒྱབ་སྐྱོར་བྱེད་རེས་ཀྱི་དམིགས་ས་ཆེན་པོ་འདུག་ཅེས་མགྲེལ་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎