བོད་དོན་འགོག་རྐྱེན་བཟོ་མཁན་ཁ་བྲལ་ལ་ངོ་རྒོལ་བྱེད་མཁན་རེད།


2013.12.16
ཐུབ་བསྟན་བསམ་འཕེལ་ལགས། ཐུབ་བསྟན་བསམ་འཕེལ་
པར། སྒེར་གྱི་དྲ་ངོས།

བོད་ཀྱི་དཀའ་རྙོག་སེལ་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ཁ་བྲལ་ལ་ངོ་རྒོལ་ལས་དོན་སྤེལ་མཁན་གྱི་ལས་བྱེད་རྣམས་ཡིན་པ་སྤེལ་འདུག

དེ་ཡང་ཚེས་༡༦་ཉིན་ཨེ་ཤེ་ཡའི་དུས་བབ་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཚན་པའི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རྩོམ་བྲིས་ཞིག་སྤེལ་བའི་ནང་། རྒྱ་ནག་གུང་ཁྲན་ཏང་དང་། གཞུང་། དེ་བཞིན་དམག་མིའི་ནང་ཁ་བྲལ་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱེད་མཁན་དང་། ལྷག་དོན་བོད་ཀྱི་གནད་དོན་ལྟ་བུའི་དཀའ་རྙོག་སེལ་འདོད་མེད་པའི་ལས་བྱེད་མི་སྣ་ཁྲི་བཞི་ཙམ་ཡོད་པ་དང་། ལས་བྱེད་དེ་ཚོའི་ངོས་ནས་བོད་ཀྱི་གནས་ཚུལ་ཞི་འགྲིག་མ་བྱུང་བའི་ཆེད་དུ་ལས་དོན་འདྲ་མིན་རྩོམ་གྱི་ཡོད་པ་རེད། ལྷག་དོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་ནག་གི་དབུ་ཁྲིད་བར་འབྲེལ་བ་བྱུང་བ་ཡིན་ན་མ་དགའ་བའི་བལྟ་ཚུལ་འཛིན་གྱི་ཡོད་པའི་སྐོར་འཁོད་འདུག ད་དུང་དམིགས་བསལ་རྒྱ་ནག་གི་དབུ་ཁྲིད་དང་༧གོང་ས་སྐྱབས་མགོན་ཆེན་པོ་གཉིས་དབར་འབྲེལ་བ་བྱུང་ནས་བོད་ཀྱི་གནད་དོན་ཞི་འགྲིག་ཡོང་བར་ཆེད་དུ་འགོག་རྐྱེན་གྱི་བྱ་འགུལ་མང་པོ་མངོན་ལྐོག་གཉིས་ནས་སྤེལ་གྱི་ཡོད་པ་སོགས་མདོ་དོན་བོད་ཀྱི་དཀའ་རྙོག་སེལ་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ཁ་བྲལ་ལ་ངོ་རྒོལ་ལས་དོན་སྤེལ་མཁན་གྱི་རྒྱ་ནག་གི་ལས་བྱེད་མི་སྣ་ཁག་ཡིན་པ་སྤེལ་འདུག

འོན་ཀྱང་དགོངས་ཚུལ་དེ་ཉིད་ཀྱི་རྒྱབ་གཉེར་གྱི་ཆེད་དུ་ཉེ་སྔོན་རྒྱ་ནག་གི་བཏོན་པའི་ཡིག་ཆ་དཀར་པོ་དང་། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་༢༠༠༤་ནས་༢༠༠༦་བར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཕྱག་བྲིས་ཀྱི་ནང་དོན་ལུང་འདྲེན་བྱས་ཡོད་འདུག

ཕྱག་བྲིས་ནང་རྒྱ་ནག་གི་ཁ་བྲལ་ལ་ངོ་རྒོལ་སྤེལ་བཞིན་པའི་ལས་བྱེད་ཚོས་བོད་ཀྱི་དཀའ་རྙོག་སེལ་མི་ཐུབ་ཆེད་འབད་བརྩོན་བྱས་ནས་སོ་སོའི་ཡོངས་འབབ་དང་། ཁེ་ཕན་གཙོ་བོ་བསྒྲུབ་བཞིན་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ཕྱག་བྲིས་ནང་བཀོད་ཡོད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎