རིཊ་རུས་དབྱེ་འབྱེད་བྱེད་པ་ནི་སངས་རྒྱས་ཀྱི་བཀའ་དང་འགལ་བ་ཡིན།


2017.07.18
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ། ༢༠༡༧།༧།༡༨ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ། ༢༠༡༧།༧།༡༨
བསོད་ནམས་སྟོབས་རྒྱལ།/RFA

རིགས་རུས་དབྱེ་འབྱེད་བྱེད་པ་ནི་སངས་རྒྱས་ཀྱི་བཀའ་མིན་པས་དེ་དོར་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་རུ་བཀའ་གནང་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་༧་ཚེས་༡༧་ཉིན་ཟངས་དཀར་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་གི་སྟ་གོན་གྱི་རིམ་པ་ཁག་བསྩལ་སྐབས། དེ་སྔོན་ང་ལ་ཇ་སོགས་འཁྱེར་ཡོང་མཁན་གྱི་ཡུལ་པ་ཚོ་རིགས་ཕྲན་བུའི་དམའ་བ་ལྟ་བུ་བརྩི་བཞིན་འདུག འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་དམན་པར་མཐོང་ཆུང་བྱེད་རྒྱུར་མཐའ་གཅིག་ཏུ་འགག་པ་སྐྱོན་ཡོད་པ་བཀའ་གནང་པ་དང་། ༧གོང་ས་མཆོག་གིས་བཅོམ་ལྡན་ཞལ་ཞུགས་པའི་སྐབས་རྒྱ་གར་ནང་རིགས་རུས་བརྩི་སྲོལ་ལམ་ལུགས་ཧ་ཅང་ཆེན་པོ་ཞིག་ཡོད་ན་ཡང་། དེར་བཅོམ་ལྡན་འདས་ཀྱིས་ངོ་རྒོལ་གནང་སྟེ་ཐོབ་ཐང་འདྲ་མཉམ་རྩོད་གནང་བ་རེད། ངས་ཧིན་དུའི་ཆོས་བྱེད་པའི་བླ་མ་ཚོ་ཐུག་པའི་སྐབས་སུ་ཡང་རིགས་རུས་ཀྱི་སྐད་ཆ་བཤད་རྒྱུའི་དུས་ཚོད་ཡོལ་ཟིན་པ་འགྲེལ་བརྗོད་གནང་གི་ཡོད་པ་བཀའ་གནང་འདུག
རིགས་རུས་བརྩི་རྒྱུ་དེ་གཅིག་བྱས་ན་ཞིང་བྲན་ལམ་ལུགས་དང་འབྲེལ་བ་ཡོད་སྲིད་པས། ཞིང་བྲན་ལམ་ལུགས་ཀྱི་དུས་ཚོད་ཡོལ་ཟིན་སྟེ། མང་གཙོའི་ཐོག་བསྐྱོད་བཞིན་ཡོད་སྟབས། ཆོས་ཕྱོགས་ཀྱི་མིང་འཁྱེར་ནས་རིགས་རུས་མཐོ་དམན་གྱི་སྐད་ཆ་དེ་ཡོང་མི་ཆོག་པ་ཞིག་རེད་ཅེས་དང་། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་རྒོལ་གནང་ས་ཞིག་ལ་ང་ཚོ་ནང་པ་ཚོང་རིགས་མཐོ་དམན་གྱི་སྐད་ཆ་དེ་བཤད་པ་ཡིན་ན་སངས་རྒྱས་ཀྱི་བཀའ་དང་འགལ་བ་ཡིན་ལ། སྐབས་བབས་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་ཡང་འགལ་བ་ཡིན་པ་བཀའ་སློབ་བསྩལ་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎