ཨོསི་ཀྲོ་ལི་ཡས་བོད་དོན་ཐོག་ལས་འགུར་ཆེ་རུ་བཞེས་པའི་རེ་སྐུལ།

ཨོསི་ཀྲོ་ལི་ཡའི་གཞུང་གྱིས་རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་དེ་ནུས་ཤུགས་ཆེ་རུ་གཏང་དགོས་ཀྱི་རེད་ཅེས་རེ་སྐུལ་ཞུས་པ།

2008.11.09

༄༅༎ཨོསི་ཀྲོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་སྦོབ་སྦ་རའོན་མཆོག་གིས་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་སྡུག་རྩུབ་མནར་གཅོད་བཏང་བའི་སྲིད་བྱུས་དེ་མཚམས་འཇོག་བྱ་ཐབས་སླད་དུ་ཨོསི་ཀྲོ་ལི་ཡའི་གཞུང་གིས་རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་དེ་ནུས་ཤུགས་ཆེ་རུ་གཏང་དགོས་ཀྱི་རེད་ཅེས་ཨོསི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་ལ་རེ་སྐུལ་ཞུས་ཡོད་པ་རེད། ཨོསི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་དང་རྒྱ་ནག་གི་བློན་ཆེན་བགྲེས་པ་ཀྲའོ་ཡོང་རྐང་རྣམ་གཉིས་དབར་ཚོང་འབྲེལ་ཐད་བདུན་ཕྲག་འདིའི་ནང་གྲོས་མོལ་གནང་གཏན་འཁེལ་ཡོད་པ་རེད། བོད་ལ་མིང་དོན་མཚུངས་པའི་རང་སྲིང་རང་སྐྱོང་གི་ཆབ་སྲིད་གནས་བབ་འཐོབ་རྒྱུའི་དམིགས་ཡུལ་གྲུབ་པའི་སླད་དུ་ཨོསི་ཀྲོ་ལི་ཡའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སྦ་རག་ཨོ་སྦ་མ་མཆོག་དང་ལྷན་དུ་སྲིད་དོན་གྱི་ལས་འགུལ་མཉམ་རྩོམ་གནང་དགོས་ཀྱི་རེད་ཅེས་དང་བོད་ཀྱི་རྩ་དོན་ཐད་བཙན་བྱོལ་ནང་གནས་བཞིན་པའི་བོད་མི་རྣམས་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་དབར་ཁ་ཞེ་གཉིས་མེད་ཀྱི་ལམ་ནས་འབྲེལ་མོལ་གནང་ཐབས་དང་ཤིན་ཏུ་འཇིགས་སྣང་སྐྱེ་རུང་བའི་དྲག་གནོན་འོག་ཏུ་བཞག་པའི་བོད་མི་རྣམས་ཀྱི་རང་དབང་དོན་དུ་ཨོསི་ཀྲོ་ལི་ཡ་དང་ཨ་མི་རི་ཀའི་གཞུང་གིས་འཕྱར་གྲུ་མཉམ་འདེགས་པ་ངང་ནུས་ཤུགས་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་གསར་པ་ཞིག་ཕྱག་ལེན་བསྟར་དགོས་ཀྱི་རེད་ཅེས་ཨོསོ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་གིས་ནན་བརྗོད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎