རྒྱ་དཀར་ནག་གཉིས་ཀྱིས་མུ་མཐུད་དུ་ས་མཚམས་སུ་དམག་མི་འགྲེམས་འཇོག་བྱས་བསྡད་འདུག


2020.10.06
རྒྱ་གར་ལ་དྭགས་ས་མཚམས་ཕྱོགས་སུ་རྒྱ་གར་གྱི་དམག་མི། ༧།༤།༢༠༢༠ རྒྱ་གར་ལ་དྭགས་ས་མཚམས་ཕྱོགས་སུ་རྒྱ་གར་གྱི་དམག་མི། ༧།༤།༢༠༢༠
AFP

ས་མཚམས་ཀྱི་གྲོས་མོལ་ཚོགས་ལ་ཉེ་ཀྱང་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་མ་བྱས་བར་མུ་མཐུད་དུ་དམག་མི་འགྲེམས་འཇོག་བྱས་བསྡད་ཡོད་འདུག
རྒྱ་གར་དང་རྒྱ་ནག་གི་དམག་དཔོན་ཁག་གཅིག་བར་ཕྱི་ཟླ་༡༠པའི་ཚེས་༡༢ཉིན་ལ་དྭགས་ནང་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུའི་ཚོགས་འདུ་ཐེངས་༧པ་དེ་གནང་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་གི་བཅིངས་གྲོལ་དམག་མིས་ས་མཐོའི་བོད་ཀྱི་ས་མཚམས་སུ་ཉི་འོད་སོགས་དྲོད་ལྡན་གྱི་གུར་ཕུབ་ནས་དམག་མི་འགྲེམས་འཇོག་བྱས་བསྡད་ཡོད་པ་རེད།
འདི་ཚེས་༦ཉིན་རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་ལ་དྭགས་བྱང་ཕྱོགས་ས་མཚམས་ཀྱི་གངས་རིའི་ཐོག་དམག་མི་བཞི་ནས་དྲུག་བར་ཤོང་བའི་སྡོད་གུར་དང་ས་མཐོར་མཁའ་དབུགས་མི་འདེངས་བའི་ནད་གཞིའི་རིགས་སྨན་བཅོས་ཀྱི་མཐུན་རྐྱེན་གྲ་སྒྲིག་བྱས་ནས་བསྡད་ཡོད་ཅིང་། རྒྱ་གར་གྱིས་ལྷོ་ཕྱོགས་སྤང་གོང་མཚོ་ཁའི་མཐའ་འཁོར་སྲུང་སྐྱོབ་བྱེད་ཀྱི་ཡོད་འདུག
རྒྱ་གར་གྱིས་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་རིམ་པ་འཚོལ་དགོས་པར་ངོས་འཛིན་གནང་གི་ཡོད་ཀྱང་། རྒྱ་ནག་གིས་རྒྱ་གར་གྱི་དམག་མིས་ལྷོ་ཕྱོགས་སྤང་གོང་མཚོ་ཁུལ་དང་། དེ་བཞིན་རེ་བཟང་ལ་དང་རི་ཆེན་ལ་བཅས་སུ་བཙན་འཛུལ་བྱས་པར་ངོས་འཛིན་གྱིས། རྒྱ་ནག་གིས་དམག་མི་ས་མཚམས་ས་གནས་ནས་ཕྱིར་འཐེན་མ་བྱས་གོང་། རྒྱ་གར་གྱིས་གོང་ཞུས་ས་ཁུལ་དེ་དག་ནས་དམག་མི་ཕྱིར་འཐེན་དགོས་ལུགས་བརྗོད་བཞིན་པ་རེད།
དེ་ལྟར་ལྷོ་བྱང་གི་མཚོ་ཁའི་འཐབ་རྩོད་སེལ་མེད་པར་བརྟེན་ནས་མཚོ་ཁའི་བྱང་ཕྱོགས་ཀྱི་གྷོག་ར་ཆུ་ཚན་ཀྱི་དཀའ་རྙོག་ཀྱང་སེལ་ཐུབ་མེད་པ་དང་། ཁུལ་དེར་རྒྱ་ནག་གི་མཁའ་དམག་
གནམ་གྲུ་ཉུང་དུ་བཏང་ཡོད།
གལ་སྲིད་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཕྱོགས་ནས་དཀའ་ངལ་སེལ་ཐབས་སུ་བསམ་ཤེས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ན། རེ་ཞིག་ངང་སྒུག་བྱེད་དགོས་ཀྱི་རེད། ས་མཚམས་ཀྱི་རྩོད་རྙོག་སློང་མཁན་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་དམག་སྤྱི་ཞི་ཅིན་ཕིང་ཡིན་པས་དཀའ་རྙོག་སེལ་རྒྱུའི་འགན་དབང་ཡང་ཁོ་པར་ཡོད་རེད་ཅེས་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་གསུངས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎