རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་ཉེན་བརྡའི་ཚུལ་གྱི་མེ་མདའ་འཕེན་རེས་བྱས་འདུག


2020.09.08
ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་མཐའ་སྲུང་དམག་མི། ༢༠༢༠།༩།༡ ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་མཐའ་སྲུང་དམག་མི། ༢༠༢༠།༩།༡
AP

རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་སེལ་མ་ཐུབ་པར་ཡོད་པའི་སྐབས་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་ཉེན་བརྡའི་ཚུལ་གྱི་མེ་མདའ་འཕེན་རེས་བྱས་འདུག
རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་སུ་གྲོས་མོལ་བྱེད་བཞིན་པའི་སྐབས་དེར་ཕྱོགས་གཉིས་ཀྱི་ས་སྲུང་དམག་མིས་ཕན་ཚུན་གཅིག་གིས་གཅིག་ལ་ཁོང་ཁྲོ་སློང་གཞིའི་དམག་མིའི་འགུལ་བསྐྱོད་བྱ་གི་འདུག་ཞེས་སྐྱོན་བརྗོད་བྱས་ཐོག་ཉེན་བརྡའི་ཚུལ་དུ་མེ་མདའ་རྒྱབ་རེས་བྱས་འདུག
དེ་ཡང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༧་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་དམག་མིས་ས་མཚམས་ས་ཐིག་བརྒལ་བའི་ཐོག་རྒྱ་ནག་གི་ས་སྲུང་དམག་མིའི་ཐོག་ཉེན་བརྡའི་མེ་མདའ་རྒྱབ་ཡོད་ལུགས་རྒྱ་ནག་གིས་བཤད་ཐོག དེ་ནི་ཕྱོགས་གཉིས་བར་མོས་མཐུན་བྱུང་བའི་གན་ཡིག་དང་འགལ་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག རྒྱ་གར་གྱིས་སྐྱོན་བརྗོད་དེར་ངོས་ལེན་མ་གནང་བའི་ཐོག་རྒྱ་ནག་གི་ས་སྲུང་དམག་མིས་རྒྱ་གར་གྱི་ས་སྲུང་དམག་མིས་བྱ་ར་བྱ་ཡུལ་ཞིག་གི་མཐའ་སྐོར་ནས་ཧ་ཅང་ཁོང་ཁྲོ་བསླངས་ཡོད་ཀྱང་རྒྱ་གར་གྱི་དམག་མིས་རང་ཚུགས་བརྟན་པོ་བཟུང་ཡོད་ལུགས་བཤད་འདུག
འདི་ལོའི་ཕྱི་ཟླ་ལྔ་པའི་ནང་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་བའི་རྗེས། ཕྱི་ཚེས་༤་རེས་གཟའ་པ་སངས་ཉིན་(Moscow)་དུ་རྒྱ་གར་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་གཉིས་ཐུག་འཕྲད་བྱས་ནས་ཐད་ཀར་ཆེས་མཐོའི་མི་སྣའི་དབར་གྲོས་མོལ་གནང་ཡོད་པ་རེད། རྒྱ་ནག་གི་ནུབ་ཕྱོགས་དམག་མིའི་དམག་སྤྱི་ཆེན་མོས། རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་དམག་མིས་དཔལ་མགོན་མཚོའི་མཚོ་ཁའི་རྒྱ་ནག་གི་ས་མཚམས་སུ་འཛུལ་ཡོད་ལུགས་བཤད་ཡོད་པ་དང་། རྒྱ་གར་གྱི་དམག་མིའི་མགྲིན་ཚབ་པ་(Col Aman Anand)་ལགས་ཀྱིས་རྒྱ་ནག་གི་དམག་མིས་མུ་མཐུད་ནས་ས་མཚམས་སུ་ཁོང་ཁྲོ་སློང་གཞིའི་འགུལ་བསྐྱོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་དམག་མིས་སྤེལ་བའི་སྤྱི་བསྒྲགས་དེ་ནི། རྒྱ་ནག་གིས་རྒྱལ་སྤྱི་དང་རྒྱལ་ནང་ལ་མགོ་སྐོར་གཏོང་ཆེད་རེད་ཞེས་གསུངས་འདུག
དེ་བཞིན་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་སེལ་ཐབས་སུ་དྲག་པོའི་དམག་མི་དང་། ཕྱི་འབྲེལ་མི་སྣ། ཆབ་སྲིད་པ་སོགས་ཀྱི་བར་གྲོས་མོལ་གནང་བཞིན་པའི་སྐབས་དེར་རྒྱ་ནག་གི་ས་སྲུང་དམག་མིས་རྒྱ་གར་གྱི་ས་སྲུང་དམག་མིར་ཁོང་ཁྲོ་སློང་གཞི་མང་དག་ཅིག་བྱེད་ཀྱི་ཡོད་ལུགས་གསུངས་འདུག འོན་ཀྱང་ཐེངས་འདིའི་འཁོན་འཁྲུག་སྐབས་ཕྱོགས་གཉིས་ཀྱི་དམག་མི་ཤི་རྨས་བྱུང་མེད་པ་རེད་འདུག
དེ་མཚུངས་རྒྱ་དཀར་ནག་གཉིས་ཀྱི་བར་ལ་དྭགས་མཐའ་མཚམས་སུ་ས་མཚམས་ཀྱི་རྩོད་རྙོག་སེལ་མ་ཐུབ་པར་ཡོད་པའི་སྐབས། རྒྱ་ནག་གཞུང་གིས་ད་དུང་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་བདག་དབང་ཡང་རྩོད་ཀྱི་ཡོད་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོའུ་ལེ་ཅིན་(Zhao Lijian)་གྱིས། རྒྱ་གར་ཤར་ཕྱོཊ་ཀྱི་ས་མཚམས་ས་ཁུལ་དེ་ནི་ལྷོ་ཕྱོཌ་བོད་ཀྱི་ས་ཁུལ་ཡིན་པ་ལྟར། ང་ཚོས་ཨ་རུ་ཌ་ཅལ་ཞེས་ཟེར་བ་དེ་ནམ་ཡང་ངོས་ལེན་བྱས་མེད་ལ། དེ་ནི་རྒྱ་གར་གྱིས་ཁྲིམས་འགལ་བཙན་བཟུང་བྱས་པ་ཞིག་རེད་ཅེས་བཤད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎