བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྐོར་དེབ་ཕྲེང་གསར་པ།

མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་རྐྱེན་པས་མ་འོངས་ཨེ་ཤི་ཡའི་མངའ་ཁུལ་གྱི་འཁོར་ཡུག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ངེས་སྐོར།

2011.01.06

༄༅༎མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་རྐྱེན་པས་མ་འོངས་ཨེ་ཤི་ཡའི་མངའ་ཁུལ་གྱི་འཁོར་ཡུག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ངེས་སྐོར་དེབ་ཕྲེང་གསར་པ་དབུ་འབྱེད་གནང་འདུག

དེ་ཡང་ཁ་ས་ཚེས་༦ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ནས་བོད་ཀྱི་ཆུ་བོའི་གནས་བབ་དང་རང་བྱུང་འཁོར་ཡུག་གི་གནད་དོན་ཐོག་ནས་མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཇི་ཆགས་སྐོར་ཞིབ་འཇུག་གི་དེབ་ཕྲེང་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད་ བོད་ཀྱི་འཁོར་ཡུག་སྐོར་ཞིབ་འཇུག་གི་དེབ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཆུ་རག་འཛུགས་བསྐྲུན་གྱི་ལས་གཞི་ཁག་དང་བོད་ཀྱི་གཙང་པོ་ རྒྱ་ནག་ཕྱོགས་སུ་ཁ་བསྒྱུར་གྱི་ལས་འཆར་དང་དེ་བཞིན་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་མི་མང་རྣམས་གྲོང་ཁྱེར་རུ་གནས་སྤོ་བྱས་ཏེ་སྲོལ་རྒྱུན་གྱི་ལམ་ལུགས་རྩ་བརླག་གཏོང་བ་དང་གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཐོག་འཁོར་ཡུག་དང་འབྲེལ་བའི་སྲིད་ཇུས་བཟུང་ཕྱོགས་སྐོར་ཞིབ་འཇུག་གི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་རེད་ བོད་ཀྱི་བེུད་ལྷན་ཚོགས་ནས་འཁོར་ཡུག་གི་གནད་དོན་སྐོར་  དེབ་དབུ་འབྱེད་ཀྱི་སྤྱི་བསྒྲགས་སྤེལ་བའི་ནང་༡༩༩༩ནས་བཟུང་རྒྱ་ནག་གཞུང་གིས་ནུབ་ཕྱོགས་གསར་སྤེལ་ལས་འདྲ་ཞེས་པའི་ལས་གཞི་ལག་སྟར་བྱས་པ་ནས་བཟུང་རྒྱ་ནག་གི་འགོ་འཁྲིད་ཚོས་བོད་ཀྱི་ཞིང་འབྲོག་མི་མང་བཙན་ཤེད་ཀྱི་གནས་སྤོ་བྱེད་པ་དང་ ཞིང་ས་བཙན་འཕྲོག་བྱས་པ་ དེ་བཞིན་འབྲོག་སའི་ཁུལ་གྱི་རྩྭ་ཐང་ལ་བཙན་ཤེད་ཀྱིས་ར་བ་སྐོར་བཅུགས་པ་སོགས་ཀྱི་བོད་མིའི་སྲོལ་རྒྱུན་གྱི་ལམ་ལུགས་རྩྭ་རླག་འགྲོ་ཉེན་བཟོས་པ་མ་ཟད་ལོ་རྒྱུས་ཐོག་ཆ་སྙོམ་ལྡན་པའི་བོད་ཀྱི་རང་བྱུང་འཁོར་ཡུག་གི་གནས་བབས་ཐོར་གཤིགས་སུ་འགྲོ་རྒྱུའི་ཉེན་ཚབ་ཆགས་ཡོད་པའི་སྐོར་གསལ་འདོན་གནང་བཞག བོད་ཀྱི་བེུད་ལྷན་ཚོགས་ནས་ཁ་ས་བོད་ཀྱི་འཁོར་ཡུག་སྐོར་དེབ་དབུ་འབྱེད་སྐབས་བོད་ཀྱི་ཆུ་བོའི་གནས་བབ་སྐོར་བརྙན་འཁྲིན་འོས་སྡེར་ཞིག་ཀྱང་ཟུར་དུ་འགྲེམས་སྤེལ་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎