རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེནང་བསྟུད་མར་འབར་རྫས་གས་ཐོར།

རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་མུམ་སྦའེནང་བསྟུད་མར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ནང་ཡུལ་མཐར་ཡུལ་མི་བརྒྱད་ཀྱི་ཚེ་སྲོག་ཤོར་ཡོད་པ།

2011.07.13

༄༅༎རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་མུམ་སྦའེནང་བསྟུད་མར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ནང་ཡུལ་མཐར་ཡུལ་མི་བརྒྱད་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་བརྒྱ་སྐོར་རྨས་ཡོད་པའི་གནས་ཚུལ་ཐོན་འདུག༎

རེས་གཟའ་ལྷག་པའི་བྲེལ་ཟིང་གི་དུས་སུ་མུམ་སྦའེ་གྲོང་ཁྱེར་ནང་དུས་གཅིག་ལ་འབར་རྫས་གསུམ་གས་ཐོར་དོན་རྐྱེན་དེ་ནི་ཕྱི་ལོ་༢༠༠༩༨ལོར་པ་ཀི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྲོད་མི་སྣས་ཡུལ་མི་༡༦༦རྐྱེན་ལམ་དུ་བཏང་བ་ནས་བཟུང་ད་བར་གྱི་དྲག་རྒོལ་ཆེ་ཤོས་ཡིན་འདུག།  འབར་རྫས་དང་པོ་དེ་ལྷོ་ཕྱོགས་མུམ་སྦའེ་ཁུལ་ཡུལ་སྐོར་སྤྲོ་ཆམ་པ་བསྐྱོད་ཡུལ་ཨོ་པེ་ར་ཧའོ་སེ་ཞེས་པ་དང་ གཉིས་པ་མུམ་སྦའི་མཚོ་ཁའི་ཛེ་ལྦེ་རི་བྭ་ཛར་ཞེས་པའི་ཁྲོམ་ས་དང་གསུམ་པ་དེ་ཁྲོང་ཁྱེར་སུ་དབུངས་སུ་བྱུང་ཡོད་འདུག།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎