རྒྱ་ནག་གི་དབུས་ཧེན་ནན་ཞིང་ཆེན་ནང་འབར་གས་བྱུང་སྐོར།

རྒྱ་ནག་གི་དབུས་ཧེན་ནན་ཞིང་ཆེན་གྱི་ནན་དབྱངས་གྲོང་ཁྱེར་ནང་འབར་གས་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་མི་གཅིག་རྨས་སྐྱོན་ཕོག་པ།

2009.03.07

༄༅༎རེས་གཟའ་པ་སངས་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་རྒྱ་ནག་གི་དབུས་ཧེན་ནན་ཞིང་ཆེན་གྱི་ནན་དབྱངས་གྲོང་ཁྱེར་ནང་གི་ཐོག་རྩེགས་ཅན་གྱི་མི་དམངས་ཀྱི་སྡོད་ཁྱིམ་གྱི་ཐོག་རྩེགས་དང་པོའི་ཁང་མིག་ནང་འབར་གས་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཕྱིན་པ་དང་མི་གཅིག་རྨས་སྐྱོན་ཕོག་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་དེ་རིང་གསལ་བསྒྲགས་བྱས་ཡོད་པ་རེད།

ཐོག་མར་འབར་གས་ཀྱི་དོན་རྐྱེན་དེ་ཐོན་མ་ཐག་རྒྱ་ནག་གི་འབར་རྫས་རྟོགས་ཞིབ་ཆེད་ལས་པས་དེ་ནི་གློག་གི་རྒྱུ་རྐྱེན་ལ་བརྟེན་ནས་འབར་གས་བྱུང་བ་ཡིན་པ་འགྲེལ་བརྗོད་བྱས་པ་དང་ད་དུང་ས་གནས་ཉེན་རྟོག་དཔོ་རིགས་ལི་ཏ་ལྭའེ་ཟེར་བས་འབར་གས་བྱུང་ཡུལ་གྱི་སྡོད་ཁྱིམ་ནས་ཀི་ལོ་མི་ཊར་ཉི་ཤུ་ཙམ་གྱི་མཚམས་སུ་ཡོད་པའི་དམའ་རིམ་སློབ་ཆུང་ཞིག་ཡོད་པ་དེའི་ནང་གི་སློབ་ཕྲུག་ལ་རྨས་སྐྱོན་གང་ཡང་བྱུང་མེད་པའི་སྐོར་བཤད་ཡོད་ཅིང་ཡིན་ནའང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཁྱབ་སྤེལ་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་སྡོད་ཁྱིམ་འབར་གས་བྱུང་བའི་དོན་རྐྱེན་ནང་འབར་གས་བྱུང་ཡུལ་གྱི་ཉེ་ཁྲིད་དུ་ཡོད་པའི་སློབ་གྲྭ་ཞིག་གི་སློབ་ཕྲུག་འགའ་ཤས་གཙོས་གྲོང་མི་མི་གྲངས་བརྒྱ་ལྷག་རྨས་སྐྱོན་ཕོག་ཡོད་པའི་སྐོར་དང་འབར་གས་ཀྱི་དོན་རྐྱེན་དེ་ནི་གློག་གི་རྒྱུ་རྐྱེན་མ་ཡིན་པ་དེ་ནི་འབར་རྫས་ཤིག་ཡིན་པ་གསུངས་ཡོད་པ་རེད། ཡིན་ནའང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་གནས་ཚུལ་དེ་རྣམས་ཀྱི་འབྱུང་ཁུངས་དང་ངོ་སྤྲོད་ལུང་འདྲེན་བྱེད་ཡུལ་གང་ཞིག་ཡིན་མིན་སྐོར་གསུངས་མེད་པ་དང་ཤིང་ཧཱ་གསར་ཤོག་ཐོག་ལའང་ད་ལྟ་བར་འབར་གས་ཀྱི་དོན་རྐྱེན་དེའི་འབྱུང་རྐྱེན་ག་རེ་ཡིན་མིན་སྐོར་བཤད་མེད་པ་རེད། ནན་དབྱངས་གྲོང་ཁྱེར་སྨན་ཁང་ཞིག་གི་སྨན་ཞབས་པ་མཚན་གསུངས་འདོ་མེད་པ་ཞིག་གིས་ཨེ་པི་གསར་འགོད་པར་དམའ་རིམ་སློབ་ཆུང་དེའི་སློབ་ཕྲུག་ལྔ་དང་དགེ་རྒན་གཅིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་ཡིན་ནའང་ཁོང་ཚོའི་རྨས་སྐྱོན་ཚབས་ཆེན་པོ་མེད་པ་འགྲེལ་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎