རྒྱ་གར་གྱི་མངའ་སྡེ་སྦི་ཧའར་ནང་གི་ཆུ་ལོག་གནོད་འཚེའི་སྐོར།

རྒྱ་གར་གྱི་མངའ་སྡེ་སྦི་ཧའར་དང་བལ་ཡུལ་ནང་ཆུ་ལོག་གནོད་འཚེའི་འོག་ས་གནས་མི་དམངས་སྟོང་ཕྲག་མང་པོར་གོད་ཆགས་བྱུང་ཡོད་འདུག

2008.09.02

༄༅༎རྒྱ་གར་གྱི་མངའ་སྡེ་སྦི་ཧའར་དང་དེའི་ས་མཚམས་ས་འབྲེལ་བལ་ཡུལ་ནང་ཆུ་ལོག་གནོད་འཚེའི་འོག་ས་གནས་མི་དམངས་སྟོང་ཕྲག་མང་པོར་གོད་ཆགས་བྱུང་ཡོད་པ་དང་གལ་ཏེ་གནོད་འཚེ་དེར་ཛ་དྲག་གི་རོགས་རམ་གང་མགྱོགས་འབྱིར་མི་ཐུབ་པ་ཡིན་ཚེ་འཕྲལ་སེལ་སྡོད་གར་དུ་གནོད་འཚེ་ཕོག་པའི་མི་དམངས་ཁྱོན་ཆེ་སྡེབས་གསོག་ཐེབས་ཏེ་རྒྱ་གར་དང་བལ་ཡུལ་ནང་ཚབས་ཆེའི་ནད་ཡམས་ཁྱབ་འཕེལ་འགྲོ་རྒྱུའི་ཉེན་ཁ་ཡོང་རྒྱུ་ཡིན་པའི་བློ་འཚབ་ཡོད་པ་རེད།

དེ་རིང་ཆུ་ལོག་གནོད་འཚེར་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པས་གསུང་ན། བར་ལམ་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་སྦི་ཧའར་ནང་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་བ་དང་རྒྱ་གར་གཞུང་ཕྱོགས་ནས་མངའ་སྡེའི་ནང་གོད་ཆགས་ཕོག་པའི་མི་དམངས་ཚོར་འཕྲལ་སེལ་སྡོད་གནས་འགའ་ཤས་ཤིག་གོ་སྒྲིག་བྱས་ཡོད་ཀྱང་དེར་ད་ལྟ་ནས་བཤལ་ནད་དང་དེ་མིན་གྱི་འཕྲོད་བསྟེན་མི་འདེངས་བའི་ཐོག་ནས་བྱུང་བའི་ནད་རིགས་ཁག་ཅིག་ཁྱབ་ཟིན་པར་བརྟེན་གལ་ཏེ་ཁོང་ཚོར་འཕྲལ་མ་ཉིད་དུ་ཛ་དྲག་གི་རོགས་སྐྱོར་མ་ཐོབ་པ་ཡིན་ཚེ་ཚབས་ཆེའི་ནད་ཡམས་ཀྱི་དཀའ་ངལ་ཕར་མ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སྔོན་ཕྱི་ཚེས་ ༢༩ ཉིན་སྦི་ཧའར་མངའ་སྡེའི་བློན་ཆེན་མཆོག་ལ་རང་འབྱུང་གནོད་འཚེ་ཕོག་པར་ཐུགས་གསོའི་འཚམས་འདྲིའི་ཕྱག་བྲིས་དང་རོགས་རམ་ཞལ་འདེབས་རྒྱ་གར་གྱི་སྒོར་མོ་འབུམ་བཅུ་ཕུལ་གནང་ཡོད་པ་རེད། རྒྱ་གར་གྱི་དཔོན་རིགས་ནས་དེ་རིང་གསུང་པར་གཞིགས་ན། ད་ལྟའི་འཆར་རྒྱ་གར་གྱི་སྦི་ཧའར་མངའ་སྡེ་དེ་བཞིན་ཆུ་ལོག་གི་གནོད་འཚེའི་འོག་ས་ཆ་མང་ཆེ་བ་ཆུའི་འོག་ཏུ་ཚུད་ཡོད་པ་དང༌། མི་དམངས་ལྔ་འབུམ་ལྔ་ཁྲི་ལྷག་ཉེན་ཡོལ་དུ་སྤོས་ཟིན་པ་དང་ད་དུང་ཡང་མི་དམངས་འབུམ་བཞི་ལྷག་ཉེན་སྐྱོབ་རུ་ཁག་ཡོང་རྒྱུར་འགུག་སྡོད་བྱེད་བཞིན་པ་སོགས་ད་རེས་ཀྱི་རང་འབྱུང་གནོད་འཚེ་དེའི་ནང་མི་དམངས་ས་ཡ་གསུམ་ལ་གནོད་འཚེ་བྱུང་ཡོད་པ་གསུང་ཡོད་པ་དང༌། དེ་བཞིན་བལ་ཡུལ་གྱི་དཔོན་རིགས་ནས་ཀྱང་བལ་ཡུལ་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེའི་འོག་ཉུང་མཐར་མི་དམངས་ཁྲི་དྲུག་གི་སྡོད་ཁྱིམ་ཆུ་འོག་ཏུ་ཚུད་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎