ཨ་རིའི་སྲིད་འཛིན་སྐུ་གཞོན་རྒྱ་ནག་ཏུ་འཚམས་གཟིགས།

ཨ་རིའི་སྲིད་འཛིན་གཞོན་པ་ཇོ་སྦའེ་ཌེན་དེ་རིང་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་ཀྱི་ཆེད་ཕེབས་ཐོན་གནང་གི་འདུག

2011.08.16

༄༅༎ཨ་རིའི་སྲིད་འཛིན་གཞོན་པ་ཇོ་སྦའེ་ཌེན་དེ་རིང་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་ཀྱི་ཆེད་ཕེབས་ཐོན་གནང་གི་འདུག གནས་ཚུལ་ཐོན་གསལ་ལ་གཞིགས་ན། ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་ནག་ནང་ཉིན་གྲངས་ལྔའི་རིང་བཞུགས་ཞག་གནང་རྒྱུུན་རིང༌། ཡུལ་དེའི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་ཀྱིས་ཡུལ་གྲུ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་སྤྱི་དང༌། ལྷག་པར་དུ་རྒྱ་ནག་མི་མང་ཤོག་སྒོར་གྱི་འཛའ་ཐང་ལ་ཁྲོམ་རའི་འགྲོ་རྒྱུགས་དང་མཐུན་པའི་འགྱུར་བགྲོས་དགོས་པའི་གནད་དོན་སོགས་ཀྱི་སྐོར་བཀའ་བསྡུར་གནང་འཆར་ཡོད་པ་དང༌། ཡང་ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་གི་དགོངས་པ་བཞེས་ཕྱོགས་སྐོར་ཕྱི་ཕྱོགས་སུ་ཤེས་རྟོགས་དེ་ཙམ་མེད་པར་བརྟེན། སྲིད་འཛིན་གཞོན་པ་རྣམ་གཉིས་དབར་ཕན་ཚུན་དགོངས་ཚུལ་བརྗེ་རེས་དང༌། རྒྱུས་མངའ་ཆེ་ཙམ་ཡོང་ཐུབ་པའི་ཆེད། ཁོང་རྣམ་གཉིས་ལྷན་རྒྱས་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཁྲིན་རྡུ་དང༌། དེའི་གཡས་གཡོན་གྱི་གྲོང་གསེབ་ཁག་ཏུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག རྒྱ་ནག་ནང་ཉིན་ལྔའི་རྒྱལ་དོན་འཚམས་གཟིགས་གྲུབ་པའི་རྗེས། ཨ་རིའི་སྲིད་འཛིན་གཞོན་པ་ཇོ་སྦའེ་ཌེན་ཉི་ཧོང་དང༌། སོག་ཡུལ་དུ་ཕེབས་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎