འབྲུག་ཡུལ་དུ་ཐ་མག་ཚོང་འགྲེམས་བཀག་སྡོམ།

འབྲུག་ཡུལ་ནང་གལ་ཏེ་ཐ་མག་ཚོང་མཁན་ཞིག་མཐོང་ཚེ་ཁྲིམས་འགལ་དུ་ངོས་འཛིན་གྱིས་མི་ལོ་ལྔའི་བཙོན་འཇུག་ཉེས་བཅད་གཏོང་གི་ཡོད་སྐོར།

2011.09.06

༄༅༎འབྲུག་ཡུལ་ནང་ཐ་མག་ཚོང་འགྲེམས་མི་ཆོག་པའི་བཀག་བསྡོམ་བྱས་ཟིན་ཏེ། གལ་ཏེ་ཚོང་མཁན་ཞིག་མཐོང་ཚེ་ཁྲིམས་འགལ་དུ་ངོས་འཛིན་གྱིས་མི་ལོ་ལྔའི་བཙོན་འཇུག་ཉེས་བཅད་གཏོང་གི་ཡོད་ཀྱང་ལྐོག་ཏུ་ཚོང་མཁན་དང་ཉོ་མཁན་ཡོད་པ་རེད།

ཐ་མག་ཉོ་མཁན་ནས་ཚོང་མཁན་སུ་ཡིན་པ་ངོ་ཤེས་དགོས་པ་དང༌། ཐ་མག་ཚོང་པའི་སྐབས་ལ་ཤོག་བུའི་ནང་འཐུམ་དེ་ལྐོག་ཏུ་ཚོང་གི་ཡོད་ཅིང༌། དེ་ཡང་ཉོ་མཁན་མི་ ཞིག་གིས་ཕེ་རན་སི་གསར་འགོད་པར། ཐ་མག་ཚོང་མཁན་གང་སར་ཡོད་པ་དང༌། ཡིན་ནའང་ཚོང་མཁན་སུ་ཡིན་པ་ཤེས་རྟོགས་དགོས་ཀྱི་རེད། འོན་ཀྱང་ཉེན་ཁ་ཆེན་པོ་རེད། གལ་ཏེ་འབྲུག་གཞུང་གིས་ཤེས་རྟོག་བྱུང་ན། ཚོང་མཁན་བཙོན་ཁང་དུ་བཅུག་གི་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

འབྲུག་ཡུལ་དེ་ཡིས། ཐ་མག་འཐེན་པའི་གོམས་གཤིས་ངན་པ་མེད་པ་བཟོ་ཐབས་ཀྱི་ཆེད་དུ་འདི་ལོ་ནས་ཐ་མག་བཀག་བསྡོམ་གྱི་ཁྲིམས་གཏན་འབེབ་བྱས་ཏེ། འབྲུག་ཡུལ་ནང་ཐ་མག་ཚོང་འགྲེམས་བྱ་མི་ཆོག་པའི་བཀག་འགོག་བྱས་པ་དང༌། སྤྱི་ཚོགས་ཐོག་གང་བྱུང་དུ་ཐ་མག་འཐེན་མི་ཆོག་པའི་ཁྲིམས་གསར་པ་གཏན་འབེབས་བྱས་ཡོད་པ་མ་ཟད། ལྐོག་ཏུ་ཐ་མག་ནག་ཚོང་རྒྱབ་མཁན་བཙོན་དུ་བཅུག་རྒྱུའི་གཏན་འབེབས་གནང་ཡོད་པ་རེད། འོན་ཀྱང་ཐ་མག་བཀག་བསྡོམ་གྱི་ཁྲིམས་གཞི་དེ་ཡིས་ཐ་མག་འཐེན་པ་ཁྲིམས་འགལ་དུ་ངོས་འཛིན་བྱེད་ཀྱི་མེད་ཀྱང། ཟླ་རེར་ཐ་མག་རྡོ་ཐ་གྷ་རམ་༢༠༠འམ་ཡང་ན་ཐ་མག་རྐང་༢༠༠ བེད་སྤྱོད་གཏོང་ཆོག་པ་ཡིན་ཞིང༌། ཚད་གཞི་དེ་ནི་ཁྲིམས་མཐུན་ཡིན་པ་དང་འབྲུག་ཡུལ་ནང་ནང་འདྲེན་བྱེད་ཆོག་པ་དང༌། འོན་ཀྱང་ཚད་གཞི་དེ་ལས་བརྒལ་ནས་ཁྲིམས་འགལ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ལོ་ན་༢༣ ཡིན་པའི་དགེ་འདུན་པ་ཞིག་གིས། ཨ་རིའི་ཊོ་ལར་གཉིས་དང་ཕྱེད་ཀ་ཐོབ་པའི་རྡོ་ཐག་མུར་མུར་གཏོང་ཆེད་ཞིག་གཞུང་བཞེས་བཏང་བའི་རྗེས། ཉེས་གསག་གི་ཁྲིམས་འགལ་དུ་ངོས་འཛིན་གྱིས་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་བ་དེ་ནི། ཐ་མག་གི་ཉེས་གསག་བྱས་པ་ཐེངས་དང་པོ་ཡིན་ཞིང༌། དུས་དེ་ནས་བཟུང་མི་༥༠ ལྷག་འཛིན་བཟུང་བྱས་ཡོད་པ་དང༌། དེའི་ནང་ལོ་༨༡ བྱས་པའི་རྒད་པོ་ཞིག་དང་ལོ་༡༦ བྱས་པའི་ན་གཞོན་ཞིག་ཀྱང་ཡོད་ཅིང༌། འབྲུག་གཞུང་གི་རྡོ་ཐ་བཀག་འགོག་ལས་ཁང་གི་འགན་འཛིན་མཁྱེན་ལས་རྡོ་རྗེ་ལགས་ཞུ་བས། ཕེ་རན་རིས་གསར་འགོད་པར། འཛམ་གླིང་ནང་དུ་མི་དམངས་ཀྱི་ཐ་མག་དུག་རྫས་འཐེན་པའི་གོམས་གཤིས་ངན་པ་ལང་ཤོར་དུ་ཕྱིན་ཏེ་ལས་སླ་པོར་སྤངས་བླངས་ཐུབ་ཀྱི་མེད་པར་བརྟེན། འབྲུག་གཞུང་གིས། མི་དམངས་ཀྱི་འཕྲོད་བསྟེན་ལེགས་པོ་དང༌། མི་དམངས་ཀྱི་བདེ་ཐང་ཡོང་ཐབས་ཀྱི་ཆེད་དུ་ལག་བསྟར་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎