འབྲུག་གི་སྲིད་བློན་གྱིས་ཨ་རི་དང་འབྲུག་གི་སྐོར་གླེང༌།

འབྲུག་གི་སྲིད་བློན་ནས་འབྲུག་ཡུལ་དང་ཨ་རི་དབར་དམིགས་བསལ་གཞུང་འབྲེལ་གྱི་འབྲེལ་བ་འཛུགས་དགོས་དོན་མེད་ལུགས་གསུངས་འདུག

2011.04.21

༄༅༎འབྲུག་ཡུལ་དང་ཨ་རི་དབར་གནད་དོན་གང་ཞིག་ཐོག་མཉམ་ལས་གནང་ཐུབ་ཚེ་རྒྱལ་ཁབ་གཉིས་དབར་མཚོན་དོན་གྱི་ཆེད་དུ་དམིགས་བསལ་གཞུང་འབྲེལ་གྱི་འབྲེལ་བ་འཛུགས་དགོས་དོན་མེད་པའི་སྐོར་འབྲུག་གི་སྲིད་བློན་མཆོག་ནས་གསུངས་པའི་གནས་ཚུལ་ཐོན་འདུག་༎

ཉེ་སྔོན་ཕྱི་ཚེས་༧ཉིན་རྒྱ་གར་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་བ་ཀྲི་མ་ཐི་རོའོ་མཱར་མཆོག་འབྲུག་ཡུལ་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་ འབྲུག་གི་སྲིད་བློན་ལྷན་དང་མཇལ་མོལ་སྐབས་རྒྱལ་ཁབ་གཉིས་དབར་འབྲེལ་བ་དམ་ཟམ་གཏོང་ཕྱོགས་སྐོར་གླེང་ཡོད་པ་རེད་ ཁ་ས་ཚེས་༢༠ཉིན་འབྲུག་གི་སྲིད་བློན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལ་ཨེ་ཨེན་ཨའེ་ཞེས་པའི་རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་ཨ་རི་དང་འབྲུག་གཉིས་ཀྱི་འབྲེལ་བའི་སྐོར་བཅར་འདྲི་ཞུ་སྐབས་འབྲུག་གི་སྲིད་བློན་མཆོག་ནས་དེང་སྐབས་སའི་གོ་ལ་གཅིག་གྱུར་གྱི་དུས་རབས་ནང་རྒྱལ་ཁབ་ཕན་ཚུན་དབར་གཞུང་འབྲེལ་གྱི་ངོ་བོ་མཚོན་པའི་གྲོས་མཐུན་འཇོག་དོན་མེད་པའི་སྐོར་ལན་འདེབས་གནང་བཞག སྲིད་བློན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་དེ་སྔ་ཡིན་ན་མངའ་ཁུལ་སོ་སོའི་ནང་དབང་ཤུགས་ཀྱི་འཐབ་རྩོད་ལ་རྐྱེན་པས་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་བ་དམ་ཟབ་ཡོད་པ་གསལ་འདོན་ཆེད་མཐུན་ཕྱོགས་ཀྱི་རྒྱལ་ཁབ་འདེམས་ཁ་མི་བྱེད་ཐབས་མེད་རེད་ ཡིན་ཡང་ད་ཆ་སའི་གོ་ལ་གཅིག་གྱུར་གྱི་འགྲོ་ལུགས་ནང་གནས་སྟངས་འཕོ་འགྱུར་སོང་ཡོད་བར་བརྟེན་དམིགས་བསལ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་འདེམས་ཁ་བྱེད་དགོས་དོན་མེད་པའི་སྐོར་འགྲེལ་བརྗོད་གནང་བཞག སྒྲོམ་གཞི་འདིའི་འོག་འབྲུག་དང་ཨ་རི་དབར་གྱི་འབྲེལ་བའི་རང་བཞིན་དེ་ཡང་འབྲུག་དང་འཇར་མ་ནི་ ཕེ་རན་སི་སོགས་ཡོ་རོབ་ཡུལ་གི་འབྲེལ་ལམ་ལྟར་གཞུང་འབྲེལ་གྱི་འབྲེལ་ལམ་སྲ་བརྟན་མེད་ཀྱང་ ལས་དོན་རྒྱ་གང་ཆེའི་ཐོག་འབྲེལ་གཏུགས་དང་ འབྲེལ་ལམ་དེ་བཞིན་ལས་དོན་མཉམ་ལས་བྱེད་བཞིན་པ་ལྟར་ ཨ་རི་ལྷན་དང་ཡང་དེ་ལྟར་བྱུང་ཚེ་གཞུང་འབྲེལ་གྱི་འབྲེལ་ལམ་སྲ་བརྟན་བཟོ་རྒྱུའི་གནད་འགག་དེ་ཙམ་མཐོང་རྒྱུ་མེད་པའི་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎