འབྲུག་རྒྱལ་ཡོངས་སུ་གོམ་བགྲོད་ཀྱི་ཉིན་མོ་གཏན་འབེབས།

འབྲུག་ཡུལ་ནང་འདི་ཚེས་༥ནས་བཟུང་རེས་གཟའ་མིག་དམར་’འཆར་ཅན་གོམ་བགྲོད་ཉིན་མོ་ཞེས་པ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་འདུག

2012.06.02

༄༅༎འབྲུག་ཡུལ་ནང་འདི་ཚེས་ ༥ ནས་བཟུང་རེས་གཟའ་མིག་དམར་’འཆར་ཅན། གོམ་བགྲོད་ཉིན་མོ་ཞེས་པ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་འདུག དེ་ཡང་འབྲུག་གི་ཀུན་གསལ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༥ ཉིན་ རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན་ནས། འབྲུག་ནང་རེས་གཟའ་མིག་དམར་འཆར་ཅན་གཞུང་གི་འགྲུལ་བསྐྱེལ་སྣུམ་འཁོར་དང༌། གླ་སླས་ཀྲེག་སི། ནད་པ་འོར་འདྲེན་སོགས་ཛ་དྲག་ཞབས་ཞུའི་སྣུམ་འཁོར་དང༌། རྐང་འཁོར་བཅས་པ་མ་གཏོགས་སྒེར་གྱི་མོ་ཀྲའི་རིགས་གྲོང་ཁྱེར་ཆེ་ཁག་གི་གཞུང་ལམ་ཐོག་འགྲོ་བསྐྱོད་མི་ཆོག་པ་བཟོ་རྒྱུ་ཡིན་འདུག་པ་དང༌། སྒེར་གྱི་མོ་ཀྲ་གཏོང་མི་ཆོག་པའི་དུས་ཚོད་དེ་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་དགོང་དྲོའི་ཆུ་ཚོད་དྲུག་པ་བར་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། ཉིན་དེར་ཕྱོགས་ཕན་ཚུན་དུ་བསྐྱོད་མཁན་མང་ཚོགས་རྣམས་ཀྱིས་རབ་བྱུང་ན་གོམ་བགྲོད་དང༌། དེ་མིན་རྐང་འཁོར་བེད་སྤྱོད་གཏོང་བ་ལས། མོ་ཀྲའི་ནང་བསྐྱོད་མི་དགོས་པའི་གཙོ་དོན་གང་ཡོང་དགོས་པའི་སྐུལ་དེད་བྱ་རྒྱུའི་འཆར་གཞི་ཡོད་འདུག་ཅིང༌། གོམ་བགྲོད་ཀྱི་ཉིན་མོ་སྲུང་བརྩི་བྱེད་དགོས་པ་ནི། རྒྱལ་ཁབ་ནང་ཁོར་ཡུག་སྦག་གཙོག་ཉུང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

འབྲུག་ཡུལ་ནི། བོད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཅིག་ཡིན་ཅིང༌། ཡུལ་དེའི་ནང་རྒྱལ་ཡོངས་བདེ་སྐྱིད་ཅེས་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དང༌། སྲིད་བྱུས་དེའི་ཐོག་ནས། ཕྱི་དངོས་པོ་ཡར་རྒྱས་བཏང་བའི་མཉམ་དུ། མང་ཚོགས་ཀྱི་སེམས་ཀྱི་བདེ་བ་དང༌། ཁོར་ཡུག། ནང་ཆོས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ཐུན་མོང་མིན་པའི་རིགས་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡང་གལ་གནད་ཆེན་པོ་བརྩི་བཞིན་ཡོད་པའི་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎