བོའོ་བེལ་གྲོང་ཁྱེར་དུ་དུག་རླངས་ཤོར་བའི་གྱོད་དོན་ཐག་གཅོད།

རྒྱ་གར་བོའོ་བེལ་གྲོང་ཁྱེར་དུ་དེ་སྔ་དུག་རླངས་ཤོར་བའི་གྱོད་དོན་ཐོག་མི་བདུན་ལ་ཉེས་ཆད་ལྗིད་པོ་གཏོང་རྒྱུའི་ཐག་གཅོད་གནང་ཡོད་འདུག

2010.09.01

༄༅༎༡༩༨༤ལོར་རྒྱ་གར་དབུས་གྲོང་ཁྱེར་བོའོ་བེལ་ནང་འབུ་སྨན་བཟོ་མཁན་གྱི་བཟོ་གྲྭ་ཞིག་ནས་ཁ་ཤོར་བའི་དུག་རླངས་ཀྱིས་ཁུལ་དེའི་མི་དམངས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེ་བཏང་བའི་ལེ་ཁག་ཡོད་མཁན་མི་བདུན་ལ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ཆེན་མོས་ཉེས་ཆད་ལྗིད་པོ་གཏོང་རྒྱུའི་ཐག་གཅོད་གནང་བ་དེར། བདེན་དཔང་རྩོད་ལེན་གནང་མཁན་ཚོགས་སྡེ་ཁག་གིས་དགའ་བསུ་ཞུས་འདུག བོའོ་བེལ་ནང་༡༩༨༤འི་དུག་རླུངས་ཀྱི་གནོད་སྐྱོན་ཕོག་པའི་མང་ཚོགས་ལ་བདེན་རྒྱབ་གུན་གསབ་རག་ཐབས་གནང་མཁན་ཚོགས་པའི་ལས་བྱེད་ས་ཏི་ནཐ་ས་རན་གི་ཡིས་ཕ་རེན་སི་གསར་ལས་ཁང་ལ། བོའོ་བེལ་དུག་རླངས་ཀྱི་གྱོད་གཞིའི་ནང་ལག་འབྲེལ་ཡོད་མཁན་རྒྱ་གར་བ་དེ་ཚོར་ལོ་༡༠རིང་བཙོན་འཇུག་གི་ཉེས་ཆད་གཏོང་སྲིད་རྒྱུའི་དུས་ཚོད་ཉེ་རུ་འགྲོ་གི་ཡོད་པ་དེར་ང་ཚོ་དགའ་པོ་བྱུང་ལ། ད་རེས་ཀྱི་ཁྲིམས་གཅོད་དེ་ནི་ཆེས་མཐོའི་ཁྲིམས་ཁང་ཆེན་མོས་ད་ཕན་ནོར་འཁྲུལ་ལན་མང་ཤོར་བ་དེ་ཚོ་ཡོ་བསྲང་གནང་རྒྱུའི་གོམ་པ་གསར་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བཞག།

ཁ་སྔོན་ཕྱི་ཟླ་༦པའི་ནང་གྲོང་ཁྱེར་བོའོ་བེལ་ནང་གི་ཁྲིམས་ཁང་ཞིག་གིས་༡༩༨༤ལོར་དུག་རླངས་ཤོར་སའི་འབུ་སྨན་བཟོ་གྲྭ་དེའི་འཛིན་སྐྱོང་དོ་དམ་པ་བདུན་ལ་ལོ་གཉིས་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་ཡང་པོ་བཏང་ཡོད་པར་ཕྱོགས་མང་པོ་ཞིག་ནས་སྐྱོན་བརྗོད་བྱུང་ཡོད་པ་དང༌། རྒྱ་གར་དབུས་གཞུང་གིས་གོང་ཞུས་ཐག་གཅོད་དེར་བསྐྱར་ཞིབ་དགོས་རྒྱུའི་རེ་སྐུལ་གནང་ཡོད་པ་བཞིན་ཆེས་མཐོའི་ཁྲིམས་ཁང་ཆེན་མོས་གྱོད་གཞི་དེར་བསྐྱར་ཞིབ་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎