བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མྱོང་ཡོད་པ་རེད།
2015.12.31
ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་(Bernie་Sanders)ནི་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ།
དེ་ཡང་སྤྱི་ལོ་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་གྲས་སུ་ཡོད་པའི་སྐུ་ཞབས་Bernie་Sandersནི། ཨ་རིའི་Vermontམངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་ཞིང་། ཨ་རིའི་མང་གཙོ་ཚོགས་པའི་སྤྱི་ལོ་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་མིའི་གྲས་སུ་ཡོད་པ་མ་ཟད། ད་བར་མང་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་ཁོངས་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་Hillary་Clintonདང་ཁོང་རྣམ་གཉིས་ལ་མི་དམངས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་བཞིན་ཡོད་པ་རེད་ལ་གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་སྐུ་ཞབས་ཁོང་སྲིད་འཛིན་ལ་འདེམས་ཐོན་ཡོང་རྒྱུའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག
Bernie་Sanders ལགས་ཀྱིས་སྤྱི་ལོ་༡༩༩༩་ལོའི་ཟླ་༣་པའི་ཚེས་༩་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་གནས་སྟངས་སྐོར་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་འཆར་འདོན་པའི་གཏམ་བཤད་སྐབས་སུ་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ནས་ལོ་བཅུ་ཕྲག་༥ཙམ་ཕྱིན་པའི་ནང་བོད་མིའི་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་ཐོབ་ཐང་ཁག་ལ་བརྩིས་མེད་རྡོལ་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་དང་། ཨ་རིའི་དམིགས་བསལ་ཚོང་དོན་ཕྲལ་བཅག་གི་གོ་སྐབས་རྒྱ་ནག་ལ་མུ་མཐུན་སྤྲོད་རྒྱུར་ངོ་རྒོལ་བྱེད་མཁན་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།