རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་བཙུགས་བྱས་ནས་ལོ་བཅུ་འཁོར་བ།

2023.10.14
རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་བཙུགས་བྱས་ནས་ལོ་བཅུ་འཁོར་བ།
Reuters

ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་ནི་རྒྱ་ནག་གཅིག་པུའི་དཔལ་འབྱོར་ཁེ་ཕན་ཙམ་དང་ས་བབ་དང་འབྲེལ་བའི་ཆབ་སྲིད་དང་དམག་དོན་མཉམ་འབྲེལ་ཞིག་མིན་པར་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཚང་མའི་དཔལ་འབྱོར་ཁེ་ཕན་སྐྲུན་ཐུབ་ཆེད་ཡིན་ཟེར། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱུད་གཅིག་ལམ་གཅིག་ལས་གཞི་དེ་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་དཔལ་འབྱོར་དང་ཐབས་ཇུས་རང་བཞིན་གྱི་ཤུགས་རྐྱེན་ཇེ་ཆེ་རུ་གཏོང་ཐབས་ཀྱི་ཆེད་དུ་དམིགས་པ་རེད་ཅེས་བརྗོད་ཀྱི་ཡོད།གནས་ཚུལ་ལྟར་ན་སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ ༤པའི་བར་རྒྱུད་གཅིག་ལམ་གཅིག་ལས་གཞི་དང་མཉམ་ལས་བྱེད་རྒྱུ་བསམ་འཆར་ཡིག་ཆ་ལ་མཚན་རྟགས་བཀོད་མཁན་རྒྱ་ནག་དང་ཪ་ཤེ་ཡ་གཙོས་པའི་རྒྱལ་ཁབ་༡༤༩བྱུང་ཡོད་ཅིང་འཛམ་གླིང་ཤོར་ནུབ་གང་ས་དང་གླིང་ཆེན་ཚང་མ་ནང་ཁྱབ་ཡོད་པ་རེད།

ར་ཤེ་ཡ་ཡིས་ཡུག་ཀེ་རི་བཙན་འཛུལ་རྗེས་རྒྱལ་སྤྱིའི་ཐོག་ཁེ་རྐྱང་དུ་ལུས་སྟབས་ཪ་ཤེ་ཡ་རྒྱ་ནག་ཐོག་ཕྱོགས་གང་ཐད་ནས་བསྟེན་རྒྱུ་ཤུགས་ཇེ་ཆེ་ཏུ་ཕྱིན་ཡོད།

 ཨ་རིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཐོག་ཪ་ཤེ་ཡ་ལ་དཔལ་འབྱོར་བཀག་སྡོམ་ཀྱི་ཉེས་ཆད་འགེལ་ཡང་རྒྱ་ནག་གིས་ཪ་ཤེ་ཡའི་རྡོ་སྣུམ་ནང་འདྲེན་གྱིས་ཡུལ་གཉིས་ཀྱི་ཚོང་འབྲེལ་སྔ་ལོ་ཨ་སྒོར་ཐེར་འབུམ་༡༩༠བརྒལ་ཡོད་པ་དང་འདི་ལོ་དེ་ལས་མང་བ་ཨ་སྒོར་ཐེར་འབུམ་༢༠༠ཡི་ཕན་ཚུལ་ཚོང་འབྲེལ་ཡོང་རྒྱུ་མོས་མཐུན་བྱུང་འདུག

རྒྱ་ནག་གིས་ར་ཤེ་ཡས་ཡུག་ཀེ་རི་བཙན་འཛུལ་གྱི་དམག་ཐབ་ཐད་ལ་སྐྱོན་བརྗོད་བྱེད་ཀྱི་མེད་ཀྱང་འགག་རྩའི་ཕྱི་འབྲེལ་གྱི་གནད་དོན་དང་དཔལ་འབྱོར་།དམག་དོན་མ་ཡིན་པའི་གཞན་གྱི་རོགས་རམ་སོགས་མུ་མཐུད་སྤྲོད་ནས་ར་ཤེ་ཡ་ལ་རྒྱབ་སྐྱོར་ཡོད་པའི་བར་གནས་ཀྱི་ཚུལ་དུ་གནས་ཡོད་པ་རེད།

རྒྱ་ནག་དང་ཪ་ཤེ་ཡ་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཏུ་ཕྱིན་པ་དེ་ཡང་གཙོ་བོ་དབུ་ཁྲིད་རྣམ་གཉིས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་ཅིང་ཁོང་གཉིས་ཕན་ཚུན་བརྩེ་བའི་གྲོགས་མཆོག་ཡིན་ཅེས་མཇལ་ཕྲད་སྐབས་འབྲེལ་བརྗོད་བྱེད་ཀྱི་ཡོད།

ཡང་ཕྱོགས་གཞན་ནས་བལྟས་ན་རྒྱ་ནག་དང་ར་ཤེ་ཡ་གཉིས་ཀྱི་མནའ་འབྲེལ་དེ་བཞིན་ནུབ་ཕྱོགས་ཀྱི་དབང་ཤུགས་ལ་ཁ་གཏད་གདོང་ལེན་ཆེད་དུ་དགོས་ངེས་ཀྱི་ཕྱོགས་བསྒྲིལ་ཞིག་མཐོང་གིན་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འདི་ལོ་སྤྱི་ཟླ་༣པའི་ནང་རྒྱལ་ས་མོ་སེ་ཁོ་རུ་རྒྱལ་དོན་འཚམས་གཟིགས་ཀྱི་སྐབས་སུ་སྲིད་འཛིན་པུ་ཏྲིན་གྱིས་ཡུལ་གཉིས་ཀྱི་མཉམ་འབྲེལ་བརྒྱུད་ནས་ལས་དོན་འགྲུབ་ཐུབ་རྒྱུར་ཚད་མེད་པ་ཞིག་ཡིན་པའི་་བསྔགས་བརྗོད་མཛད་འདུག་།དེ་བཞིན་རྒྱ་ནག་གི་དཔོན་རིགས་ཀྱིས་ཡུལ་གྲུ་གཉིས་ཀྱི་རྩ་བའི་རྩ་དོན་དང་འབྲེལ་བའི་ཕྱོགས་ཕན་ཚུལ་རྒྱབ་སྐྱོར་བརྟན་པོ་ཞུ་རྒྱུ་ཡིན་པ་བརྗོད་འདུག

གཟའ་འཁོར་རྗེས་མ་ཪ་ཤེ་ཡ་སྲིད་འཛིན་རྒྱལ་ས་པེ་ཅིང་ཏུ་འབྱོར་སྐབས་དེ་སྔོན་ཁ་སྙན་ཚིག་སྙན་དང་མཐུན་པའི་དོན་དངོས་སུ་ར་ཤེ་ཡ་ཡིས་ཡུག་ཀེ་རི་ནང་དམག་འཐབ་ཐད་རྒྱ་ནག་གི་རྒྱབ་སྐྱོར་ཤུགས་ཆེ་པོ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

ཪ་ཤེ་ཡ་རྒྱ་ནག་དང་མཉམ་འབྲེལ་གཏིང་ཟབ་ཏུ་གཏང་ནས་དམག་དོན་ཆེད་གོ་ལག་ཆ་མཁོ་སྤྲོད་ཡོང་བའི་འབད་བཙོན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་ཀེ་རི་ལ་རྒྱབ་སྐྱོར་དེ་བཞིན་རིམ་བཞིན་ཇེ་ཆུང་དུ་འགྲོ་སྲིད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག།གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གིས་ད་བར་དུ་ར་ཤེ་ཡ་ལ་དྲག་པོའི་མཚོན་ཆ་མཁོ་སྤྲོད་བྱེད་མེད་པ་དང་འོན་ཀྱང་ཪ་ཤེ་ཡས་འཐབ་རྒོལ་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ཚེ་རྒྱ་ནག་གིས་བསམ་བློ་འགྱུར་བ་གཏོང་སྲིད་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎