སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་དུ་ཕེབས་པ།


2015.09.07
 སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་དུ་ཕེབས་བསུ། ༢༠༡༥།༩།༤ སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་དུ་ཕེབས་བསུ། ༢༠༡༥།༩།༤
tibet.net

བོད་མི་མང་སྤྱི་འཐུས་ནས་སྦེལ་ཇམ་གྲོས་ཚོགས་གོང་མའི་འཐུས་མི་བཞུགས་སྒར་དུ་ཕེབས་པར་དགའ་བསུ་སྣེ་ལེན་ཞུས་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྤེལ་གནང་བའི་གནས་ཚུལ་ནང་། སྤྱི་ཟླ་༩ཚེས་༣ཉིན་སྦེལ་ཇམ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་འགན་འཛིན་དང་། ཡོ་རོབ་གྲོས་ཚོགས་འཐུས་མི། བྷེན་ཊི་གཙུག་ལག་སྨན་ཁང་གི་བེུད་མེད་འཕྲོད་བསྟེན་ཨེམ་རྗེ་བཅས་ཡིན་པའི་ལྕམ་སྐུ་ཊི་སུ་ཏར་པེ་ར་མཆོག ད་ལམ་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་དང་འབྲེལ་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད།  
སྤྱི་ཚེས་༤ཉིན་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཁོང་ལ་མཇལ་དར་སྒྲོན་འབུལ་གྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་སྦྲགས་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་ཁང་ལ་གཟིགས་སྐོར་གནང་བ་དང་། དགོང་དྲོ་ཁོང་དང་ཕྱག་རོགས་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་སྟོན་སྟབས་བདེ་ཞིག་ཕུལ་གནང་བ་དང་། ཕྱི་ཚེས་༤ཉིན་བཞུགས་སྒར་ནས་ཕྱིར་ཕེབས་གནང་བ་བཅས་ཀྱི་སྐོར་འཁོད་འདུག
བྷེམ་ཇམ་གྲོས་ཚོགས་ཀྱི་འཐུས་མི་Dr.De Sutter Petraམཆོག་བཞུགས་སྒར་ལ་ཕེབས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
*ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎