རྒྱ་དཀར་ནག་གི་ཕྱི་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་པ་སྐྱོབ་ཐབས།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཀྲུ་ཡོང་ཀང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་དུ་ཆེད་གཏོང་བྱ་རྒྱུ།

2009.10.20

༄༅༎རྒྱ་གར་དང་རྒྱ་ནག་དབར་ཕྱི་འབྲེལ་ཆབ་སྲིད་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་སྐྱོབ་ཐབས་ཆེད་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོས་ཡིད་ཆེས་ཆེན་པོ་བྱ་ཡུལ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཀྲུ་ཡོང་ཀང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་དུ་ཆེད་གཏོང་བྱ་རྒྱུ་ཡིན་པ་དབྱིན་ཇིའི་གསར་ཤོག་རྡ་ཀྲེ་ལི་གེརེཕ་ཡིས་གནས་ཚུལ་སྤེལ་འདུག

ཀྲུ་ཡོང་ཀང་ནི་རྒྱ་ནག་གི་ཁྲིམས་ལུགས་བསྐྱར་བཅོས་དང་བདེ་འཇགས་གནད་དོན་གྱི་ལས་དོན་སོགས་ལ་བལྟ་རྟོག་བྱེད་མཁན་དེ་ཡིན་པར་མ་ཟད་སྔ་ལོ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་སྲུང་སྐྱོབ་ལས་དོན་གྱི་བལྟ་རྟོག་ཀྱང་བྱས་ཡོད་པ་རེད།

ལྷག་པར་འདི་ལོ་ཕྱི་ཟླ་བདུན་པའི་ཤིན་ཅང་གི་དུས་ཟིང་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོས་ཀྲུ་ཡོང་ཀང་ས་གནས་སུ་ཆེད་རྫོངས་བྱས་ཡོད་པ་རེད། ཁོང་རྒྱ་གར་དུ་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་གྱི་ནང་འགྲོ་འཆར་ཡོད་པ་དང་སྐབས་དེར་རྒྱ་གར་གཞུང་འཛིན་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནི་ཡ་གྷན་རྡི་གཙོས་རྒྱ་གར་གྱི་འགོ་འཁྲིད་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པར་མ་ཟད་རྒྱ་གར་གྱི་དམར་ཤོག་ཚོགས་པའི་འགོ་འཁྲིད་སྦུ་རྡ་དེལྦ་ལྦ་ཏ་ཅར་ཇི་དང་ཡང་ཐུག་འཕྲད་གནང་རྒྱུ་ཡིན་འདུག

གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཁང་གི་དཔོན་རིགས་མཐོ་གྲས་ཤིག་རྒྱ་གར་གྱི་དམར་ཤོག་ཚོགས་པའི་འགོ་འཁྲིད་དང་ཐུག་འཕྲད་བྱ་རྒྱུ་དེར་ཆབ་སྲིད་ཀྱི་མཚོན་དོན་གལ་ཆེ་ཞིག་དང་ལྡན་ཡོད་པ་བརྗོད་བཞིན་ཡོད་པ་རེད།

རྡ་ཀྲེ་ལི་གེརེཕ་ཚགས་པར་གྱི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ཀྲུ་ཡོང་ཀང་རྒྱ་གར་ལྷོ་ཕྱོགས་སྤེང་ལོར་གྲོང་ཁྱེར་གྱི་ནང་ཡོད་པའི་ཀམ་པུ་ཊར་འཕྲུལ་ལས་ཀྱི་རྟེན་གཞི་ཁག་ལ་ཡང་བལྟ་བསྐོར་དུ་ཆེད་བསྐྱོད་བྱ་རྒྱུ་ཡིན་འདུག་ཅིང་རྒྱ་གར་ལྷོ་ཕྱོགས་དང་དེ་མིན་ཀྲུ་བསྐྱོད་ཡུལ་གྱི་ས་གནས་ཁག་ཏུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པའི་ཚོད་དཔག་ཀྱང་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎