རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཞུ་ཞིག་ཕུལ་ཡོད་པ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་མིར་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།

2008.06.07

༄༅༎འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རེས་གཟའ་སྤེན་པའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གིརི་སཱིའི་རྒྱལ་ས་ཨེ་ཐེན་སི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ལྷན་ཚོགས་གྲུབ་པའི་རྗེས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇའག་རོག་ཡིས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་སྐོར་བསྐྱོད་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་པ་དང་ཐག་གཅོད་དེ་ནི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ངོ་རྒོལ་ལས་འགུལ་ཇི་ཙམ་སྤེལ་ཀྱང་བོད་ནང་དཔལ་འབར་སྐོར་བསྐྱོད་ལ་འགྱུར་བ་གཏང་རྒྱུ་མིན་པ་མ་ཟད། དཔལ་འབར་སྐོར་བསྐྱོད་འགྲོ་ལམ་ལའང་འགྱུར་བ་གཏང་རྒྱུའི་འཆར་གཞི་མེད་པའི་གནས་སྟངས་ཤིག་ཡིན་པ་རེད། རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་རྒྱབ་སྐྱོར་གྱི་ས་ཡིག་དྲུག་སྟོང་ཙམ་བསྡུ་རུབ་བྱས་པའི་སྙན་ཞུ་ཞིག་རྒྱལ་ས་ཨེ་ཐེན་སི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་མིར་ཕུལ་ཏེ་དེའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་བོད་ནང་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་འཁྱེར་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་པའི་སྐོར་འབོད་སྐུལ་ཞུས་ཡོད་ཀྱང་རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ལྷན་ཚོགས་གྲུབ་པའི་རྗེས་གསར་འགོད་ལྷན་ཚོགས་ཐོག་ཚོགས་གཙོ་ཇའག་རོག་ཡིས། རྒྱ་ནག་གི་ཕྱོགས་ནས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་གི་ཞིང་ཆེན་ཚང་མའི་ནང་སྐོར་བསྐྱོད་བྱ་རྒྱུའི་ཡིན་པའི་འདུན་པ་འཛིན་གྱི་ཡོད་པ་དང་བོད་ནི་རྒྱ་ནག་གི་ཆ་ཤས་ས་ཁུལ་ཞིག་ཡིན་པར་བརྟེན་བོད་ཀྱི་ས་ཁུལ་ནང་དཔལ་འབར་འཁྱེར་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎